ཉེ་ཆར། མལ་གྲོ་གུང་དཀར་རྫོང་སློབ་འབྲིང་གིས་ཁ་ལག་བཟོ་བའི་ལག་རྩལ་འགྲན་བསྡུར་གྱི་བྱེད་སྒོ་སྤེལ་བ་རེད། “གུང་གསེང་བཞག་ནས་ནང་ལ་ལོག་རྗེས་ཕ་མ་གཉིས་ལ་ཞལ་ལག་ཞིམ་པོ་ཞིག་བཟོ་རྒྱུ་དེ་ནི་ངའི་ཆེས་བདེ་སྐྱིད་ལྡན་པའི་བྱ་བ་ཞིག་ཡིན”ཞེས་འགྲན་བསྡུར་ལ་ཞུགས་མཁན་སློབ་མ་བསྟན་འཛིན་དབྱངས་ཅན་གྱིས་གསར་འགོད་པར་དེ་ལྟར་བཤད་ཅིང་། འདི་ནི་འགྲན་བསྡུར་བྱེད་སྐབས་འགྲན་བསྡུར་ལ་ཞུགས་མཁན་གྱིས་ཚལ་འདེམས་པའི་གནས་ཚུལ་ཡིན་པ།