དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • གཟའ་འཁོར་འདིའི་གནམ་གཤིས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-07-04

    དང་པོ།  གཟའ་འཁོར་འདིའི་གནམ་གཤིས་སྔོན་བརྡ། (ཟླ་7ཚེས་3ཉིན་ནས་ཟླ་7ཚེས་9ཉིན་བར)

    གཟའ་ཟླ་བ་ནས་གཟའ་མིག་དམར་བར། གཞིས་རྩེ་དང་། ལྷ་ས། ལྷོ་ཁའི་ལྷོ་རྒྱུད། ནག་ཆུ་བཅས་སུ་ཆར་པ་ཆུང་བ་ནས་འབྲིང་བའི་བར་འབབ་རྒྱུ་དང་འབྲུག་ཆར་འབབ་རྒྱུ། ས་ཆ་ཁ་ཤས་སུ་ཆར་པ་ཆེན་པོ་འབབ་རྒྱུ། གཙང་པོའི་རྒྱུད་ཀྱི་ཤར་ཕྱོགས་དང་། ཆབ་མདོ། ཉིང་ཁྲི་བཅས་སུ་ཆར་པ་ཆུང་བའམ་ཡང་ན་ཐོལ་ཆར་འབབ་རྒྱུ་དང་ས་ཆ་ཁ་ཤས་སུ་ཆར་པ་འབྲིང་བ་འབབ་རྒྱུ། ས་ཁུལ་གཞན་དག་ཏུ་གནམ་འཐིབས་ནས་ཐོལ་ཆར་རམ་ཡང་ན་འབྲུག་ཆར་འབབ་རྒྱུ།

    གཟའ་ལྷག་པ་དང་གཟའ་ཕུར་བུར། ནག་ཆུ་དང་གཞིས་རྩེར་ཆར་པ་ཆུང་བ་ནས་འབྲིང་བའི་བར་འབབ་རྒྱུ་དང་འབྲུག་ཆར་འབབ་རྒྱུ། ས་ཆ་ཁ་ཤས་སུ་ཆར་པ་ཆེན་པོ་འབབ་རྒྱུ། ལྷ་ས་དང་། ལྷོ་ཁའི་ལྷོ་རྒྱུད། ཉིང་ཁྲི། མངའ་རིས་བཅས་སུ་ཆར་པ་ཆུང་བ་ནས་འབྲིང་བའི་བར་འབབ་རྒྱུ་དང་འབྲུག་ཆར་འབབ་རྒྱུ། ས་ཆ་གཞན་དག་ཏུ་སྤྲིན་པ་མང་པོ་འཁོར་ནས་ཐོལ་ཆར་རམ་ཡང་ན་འབྲུག་ཆར་འབབ་རྒྱུ།

    གཟའ་པ་སངས་ནས་གཟའ་ཉི་མའི་བར། གཞིས་རྩེ་དང་། ལྷ་ས། ལྷོ་ཁ། ནག་ཆུ། ཆབ་མདོའི་བྱང་རྒྱུད་བཅས་སུ་ཆར་པ་ཆུང་བ་ནས་འབྲིང་བའི་བར་འབབ་རྒྱུ་དང་འབྲུག་ཆར་འབབ་རྒྱུ། ས་ཆ་ཁ་ཤས་སུ་ཆར་པ་ཆེན་པོ་འབབ་རྒྱུ། ཉིང་ཁྲི་དང་ཆབ་མདོའི་ལྷོ་རྒྱུད་དུ་ཆར་པ་ཆུང་བ་ནས་འབྲིང་བའི་བར་འབབ་རྒྱུ། ས་ཆ་གཞན་དག་ཏུ་སྤྲིན་པ་མང་པོ་འཁོར་ནས་གནམ་འཐིབ་རྒྱུ།

    གཉིས་པ།  གྲོས་འགོ

    1.ཆུ་རུད་དང་། རི་ཉིལ་བ། འདམ་རྡོའི་ཆུ་རུད་སོགས་ས་གཤིས་ཀྱི་གནོད་འཚེ་ཐོན་སླ་བས་དོགས་ཟོན་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས།

    2.གཙང་པོའི་རྒྱུད་ཀྱི་ཞིང་ཁུལ་དུ་ཆར་པ་བསྟུད་མར་འབབ་རྒྱུ་ཡིན་པས་གཤོངས་ས་དང་བཞའ་ཚན་ཆེ་བའི་ས་ཆར་དུས་ཐོག་ཏུ་འཁྱིལ་ཆུ་བཤངས་ནས་ཞིང་ཁ་དོ་དམ་ཡག་པོ་བྱེད་པ་དང་ཆབས་ཅིག་ས་ཆ་ཁག་གཅིག་གི་གྲོང་ཁྱེར་ནང་ཆུ་ལོག་མི་ཐོན་པ་བྱེད་དགོས།

    3.ནག་ཆུ་དང་གཙང་པོའི་རྒྱུད་ཀྱི་ས་ཆར་གློག་འཁྱུག་པའི་གནམ་གཤིས་བསྟན་རྒྱུ་ཡིན་པས་ཐོག་འགོག་པའི་བྱ་ཐབས་ཡག་པོ་སྤྱོད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།