དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • སློབ་གྲྭ་ཆེ་མོ་བའི་ལས་གཏོད་ཕུགས་འདུན་གྱི་ཐབས་ལམ་ཡངས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-06-30

    409040_yis_1498541476268.jpg

    འདི་ནི་བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་གི་ཐང་གའི་ཆེད་ལས་ཀྱི་སློབ་མ་ཞིག་གིས་ཐང་ག་བཞེངས་བཞིན་ཡོད་པ།

    ཟླ་5ཚེས་18ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཏང་ཨུད་ཀྱི་རྒྱུན་ཨུའི་ཚོགས་འདུའི་ཐོག《མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར་འགའ་ཞིག》(གཤམ་དུ《བསམ་འཆར》ཞེས་བསྡུ་རྒྱུ)ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་ཞིང་། 《བསམ་འཆར》ནང་། མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ཀྱི་ཕུགས་ཕན་ལམ་སྲོལ་བཙུགས་ནས་འཐུས་སྒོ་ཚང་དུ་བཏང་སྟེ། ཁེ་ལས་ཀྱི་མི་སྤྱོད་དགོས་མཁོ་ཆེ་རུ་གཏོང་བ་དང་། ལས་གཏོད་ལས་ཞུགས་ལ་སྐུལ་ལྕག་དང་རྒྱབ་སྐྱོར་བྱེད་པ། ལས་ཞུགས་བོད་སྐྱོར་ལས་དོན་ལ་ཤུགས་སྣོན་རྒྱག་པ། གཞུང་ཞབས་པ་བསྡུ་བའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། གཞི་རིམ་གྱི་ཞབས་ཞུའི་རྣམ་གྲངས་ལག་བསྟར་ཡག་པོ་བྱེད་པ། སློབ་ཆེན་སློབ་མ་དམག་མིར་ཞུགས་རྒྱུའི་སྐུལ་ལྕག་གཏོང་བ། སྲིད་གཞུང་གིས་ཞབས་ཞུའི་གྲུབ་འབྲས་ཉོ་བ་སོགས་ཀྱི་བྱེད་སྟངས་བརྒྱུད་མཐོ་སློབ་སློབ་ཐོན་སློབ་མས་ལས་ཞུགས་ལས་གཏོད་བྱ་རྒྱུར་ལས་སྟེགས་ཡག་པོ་གཏོད་དགོས་ཞེས་བསྟན་ཡོད་པ་རེད།

    ཚད་གཞི་མཐོ་བའི་སྐུལ་འདེད་བཏང་ཐོག་ལས་གཏོད་རྣམ་པ་རགས་ཙམ་ཆགས་པ།

    ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལས་དོན་ལ་དུས་དང་རྣམ་པ་ཀུན་ཏུ་ཚད་མཐོའི་མཐོང་ཆེན་བྱས་ཐོག་སྲིད་ཇུས་དང་བྱེད་ཐབས་རབ་དང་རིམ་པ་སྔ་རྗེས་སུ་བཏོན་ནས། མཐོ་སློབ་སློབ་ཐོན་སློབ་མས་ལས་ཞུགས་ལས་གཏོད་ཐུབ་རྒྱུར་སྲིད་ཇུས་ཀྱི་འགན་ལེན་ནུས་ལྡན་མཁོ་འདོན་བྱས་པ་རེད།

    2012ལོར་རང་ལྗོངས་ཀྱིས་སྲིད་འཛིན་གྲོན་བསྡུ་དང་ཁྲལ་བསྡུ་ཉུང་གཏོང་ངམ་རྩ་ཆག་གཏོང་བ་སོགས་གཟིགས་སྐྱོང་སྲིད་ཇུས་ཆེན་པོ་བདུན་བཏོན་ནས་སློབ་གྲྭ་ཆེ་མོ་བར་རང་བརྟེན་ལས་གཏོད་བྱ་རྒྱུའི་སྐུལ་ལྕག་བཏང་བ་རེད།

    2015ལོར་བོད་རང་སྐྱོང་ལྗོངས་ཀྱི་སློབ་གྲྭ་ཆེ་མོ་བའི་ལས་གཏོད་གསོ་སྐྱོང་རྟེན་གཞི་དང་པོས་ལས་གཉེར་བྱེད་འགོ་ཚུགས་པ་དེའི་ཐོག་ནས་ཐེམ་ཁུངས་བོད་ནས་ཡིན་པའི་སློབ་གྲྭ་ཆེ་མོ་བའི་ལས་གཏོད་ལས་དོན་དེ་ལོ་རྒྱུས་ཀྱི་དུས་སྐབས་གསར་པར་སླེབས་པ་མཚོན་ཡོད།

    2016ལོར་རང་སྐྱོང་ལྗོངས་སྲིད་གཞུང་གིས《དུས་བབ་གསར་པའི་འོག་གི་ལས་ཞུགས་ལས་གཏོད་ལས་དོན་སྔར་བས་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བསམ་འཆར་ལག་བསྟར་དོན་འཁྱོལ་བྱ་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་ལག་བསྟར་བསམ་འཆར》བཏོན་པའི་ནང་། རང་ལྗོངས་ཀྱི་སློབ་གྲྭར་ཡོད་མུས་ཀྱི་སློབ་གྲྭ་ཆེ་མོ་བའི་སློབ་ཁུངས་ཉར་ནས་སློབ་སྦྱོང་དགོངས་ཞུ་བྱས་ཏེ་གསར་གཏོད་ལས་གཏོད་བྱེད་ཆོག་ཅེས་འཁོད་ཡོད་པ་རེད།

    2017ལོའི་ཟླ་5ཚེས་18ཉིན། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུའི་ཚོགས་འདུའི་ཐོག《མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར་འགའ་ཞིག》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད།

    ཐབས་ལམ་གསར་གཏོད་ཀྱིས་ཕུགས་འདུན་མངོན་འགྱུར་བྱེད་རོགས་བྱས་པ།

    སློབ་གྲྭ་ཆེ་མོ་བའི་གསར་གཏོད་ལས་གཏོད་ལས་དོན་ཡག་པོ་སྒྲུབ་ཆེད། རང་ལྗོངས་ཀྱི་མཐོ་སློབ་ཁག་གིས་ལས་དོན་སྒྲུབ་སྟངས་རྒྱུན་ཆད་མེད་པར་གསར་གཏོད་བྱས་ཤིང་། ལས་གཏོད་ལམ་ལྷོངས་བྱུང་མཁན་སློབ་གྲྭར་གདན་དྲངས་པ་ནི་ལས་དོན་མང་པོའི་ཁྲོད་ཀྱི་ཆུང་ངུ་ཙམ་ཡིན་པ་རེད།

    “དམངས་ཀྱིས་བྱ་གཞག་སྐྲུན། ཀུན་གྱིས་གསར་གཏོད་བྱེད”ཅེས་པའི་འབོད་སྐུལ་དང་ལེན་ཞུ་ཆེད། བོད་ལྗོངས་སློབ་ཆེན་གྱིས“གཉིས་གཏོད+ལས་ཞུགས”ཀྱི་འཕེལ་རྒྱས་བསམ་ཕྱོགས་ཧུར་ཐག་བཏོད་པ་དང་ཆབས་ཅིག་གུང་གཞོན་སྡེ་ཚོགས་ཀྱི་ལས་དོན་རྟེན་གཞིར་བྱས་ནས། ལས་གཏོད་གྲུབ་འབྲས་འགྲེམས་སྟོན་དང་། ཆུ་ཚོད་དྲུག་དང་ཕྱེད་ཀའི་ཧྲ་ལུང་། ཞའོ་ཀྲང་གི་ཕྱི་དྲོའི་ཇ་ཚིགས་སོགས་བྱེད་སྒོ་སྤེལ་བ་བརྒྱུད་སློབ་གྲྭ་ཡོངས་ཀྱིས་གསར་གཏོད་ལས་གཏོད་ལས་དོན་སྤེལ་རྒྱུར་སྐུལ་འདེད་ཐུབ་པ་རེད། དེ་དང་ཆབས་ཅིག“བོད་ལྗོངས་སློབ་ཆེན་གྱི་སྐད་འཕྲིན་ན་གཞོན”གཞུང་ཕྱོགས་སྐད་འཕྲིན་སྤྱི་སྟེགས་རྟེན་གཞིར་བྱས་ནས་ལས་གཏོད་ཆེད་སྒྲོམ་བཙུགས་ཐོག་ལས་གཏོད་ལྟ་བ་ཁྱབ་གདལ་བཏང་ནས་སློབ་གྲྭ་ཡོངས་སུ་ལས་ཞུགས་ལྟ་བ་སྒྱུར་བའི་ཁོར་ཡུག་གསར་པ་བཏོད་པ་དང་དུས་མཚུངས་སློབ་མ་ཚོར་ཀྱང“གཅིག་འཐུས་རྣམ་པའི”ལས་གཏོད་ཞབས་ཞུ་མཁོ་འདོན་བྱས་པ་རེད།

    སྲིད་ཇུས་འཐུས་སྒོ་ཚང་དུ་བཏང་ནས་ལས་གཏོད་ཕུགས་འདུན་མངོན་འགྱུར་ཡོང་བར་བྱས་པ།

    ཉེ་ཆར་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུའི་ཚོགས་འདུའི་ཐོག《མཐོ་སློབ་སློབ་ཐོན་སློབ་མ་ལས་ཞུགས་ལས་གཏོད་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར་འགའ་ཞིག》ལ་གྲོས་འཆམ་བྱུང་བ་དང་། 《བསམ་འཆར》ནང་རང་སྐྱོང་ལྗོངས་ཀྱིས་སྒོར་དུང་ཕྱུར་20ཡི་ལས་གཏོད་ལས་ཞུགས་རོགས་སྐྱོར་ཐེབས་རྩ་བཙུགས་ནས་མཐོ་སློབ་སློབ་ཐོན་སློབ་མ་ལྗོངས་ནང་ཁུལ་གྱི་ཁེ་ལས་སུ་ལས་ཞུགས་དང་རང་བརྟེན་ལས་གཏོད་བྱས་པ་དང་ལྗོངས་ཕྱིའི་ཁེ་ལས་སུ་ལས་ཞུགས་བྱས་པ་མ་ཟད། ལོ་ཚད་ངེས་ཅན་ལོན་ཚེ་ཁག་སོ་སོར་སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱ་རྒྱུ་ཡིན་པ་འཁོད་ཡོད།

    《བསམ་འཆར》ནང་། ལྗོངས་ནང་ཁུལ་ཁེ་ལས་སུ་ལས་ཞུགས་བྱས་པའི་མཐོ་སློབ་སློབ་ཐོན་སློབ་མར་དུས་ཡུན་རིང་ཤོས་ལོ་ལྔའི་འཚོ་བ་དང་སྡོད་ཁང་གི་ཁ་གསབ་མ་དངུལ་སྤྲད་ནས་ཁག་སོ་སོར་རང་སྐྱོང་ལྗོངས་ཀྱི་གླ་ཕོགས་དམའ་ཤོས་ཀྱི་ཚད་གཞིའི་50%ལྟར་ལག་ལེན་བསྟར་རྒྱུ་དང་སྦྲགས། དུས་ཡུན་རིང་ཤོས་ལོ་བཅུའི་སྤྱི་ཚོགས་འགན་བཅོལ་ཁ་གསབ་མ་དངུལ་སྤྲོད་རྒྱུ་ཡིན་པ་རེད། མཐོ་སློབ་སློབ་ཐོན་སློབ་མ་རང་བརྟེན་ལས་གཏོད་བྱེད་མཁན་མི་རེར་སྒོར་ཁྲི་5དང་དུད་ཚང་རེར་མཐོ་ཤོས་སྒོར་ཁྲི་20ཡི་འགོ་འཛུགས་མ་དངུལ་གྱི་རྒྱབ་སྐྱོར་བྱ་རྒྱུ་དང་དེ་བཞིན་དུས་ཡུན་རིང་ཤོས་ལོ་བཅུའི་སྡོད་ཁང་གི་སྤྱི་གསོག་མ་དངུལ་ཁ་གསབ་སོགས་སྤྲོད་རྒྱུ་དང་། མཐོ་སློབ་སློབ་ཐོན་སློབ་མ་ལྗོངས་ཕྱིའི་ཁེ་ལས་སུ་ལས་ཞུགས་བྱས་ན་ཁག་སོ་སོར་ས་གནས་དེ་གའི་གླ་ཕོགས་ཚད་གཞི་དམའ་ཤོས་ཀྱི་50%ཡི་འཚོ་བ་དང་སྡོད་ཁང་གི་ཁ་གསབ་མ་དངུལ་སྤྲོད་པ་དང་སྦྲགས། ལམ་དངུལ་ཁ་གསབ་སྒོར་2000སྤྲོད་རྒྱུ་ཡིན་པ་རེད། གོང་གི་ཐབས་ལམ་བརྒྱུད་ལས་ཞུགས་ལས་གཏོད་བྱེད་མཁན་ཚང་མར་སློབ་ཡོན་དང་རྒྱལ་ཁབ་ཀྱི་སློབ་རོགས་དངུལ་བུན་ཚབ་འཇལ་གྱི་སྲིད་ཇུས་ལོངས་སུ་སྤྱོད་རྒྱུ་ཡོད་པ་བཅས་འཁོད་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗多拉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།