གཅིག གཟའ་འཁོར་འདིའི་གནམ་གཤིས་སྔོན་བརྡ། (ཟླ་6ཚེས་26ཉིན་ནས་ཟླ་7ཚེས་2ཉིན་བར)
རེས་གཟའ་ཟླ་བ་ནས་ལྷག་པའི་བར་གཞིས་རྩེ་དང་། མངའ་རིས། ནག་ཆུའི་དབུས་ནུབ་རྒྱུད་དུ་ཆར་པ་ཆུང་བ་འབབ་རྒྱུ་དང་ས་ཆ་ཆ་ཤས་ལ་ཆར་པ་འབྲིང་བ་འབབ་རྒྱུ། ས་ཁུལ་གཞན་དག་ལ་སྤྲིན་པ་ཉུང་ཉུང་ནས་སྤྲིན་པ་མང་པོ་འཁོར་རྒྱུ། ས་ཆ་ཆ་ཤས་ལ་ཆར་པ་སིམ་སིམ་མམ་འབྲུག་ཆར་འབབ་རྒྱུ།
རེས་གཟའ་ཕུར་བུ་དང་པ་སངས་ལ་ནག་ཆུའི་དབུས་ཤར་རྒྱུད་དང་། གཙང་པོ་རྒྱུག་ཁུལ་གྱི་དབུས་ཤར་རྒྱུད། གཞིས་རྩེའི་ལྷོ་རྒྱུད་བཅས་ལ་ཆར་པ་ཆུང་བ་ནས་འབྲིང་བ་འབབ་རྒྱུ། ས་ཆ་ཆ་ཤས་ལ་ཆར་པ་ཆེ་བ་འབབ་རྒྱུ། ཉིང་ཁྲི་དང་། ཆབ་མདོ། ལྷོ་ཁའི་ལྷོ་རྒྱུད་དུ་ཆར་པ་ཆུང་བ་ནས་འབྲིང་བ་འབབ་རྒྱུ། ས་ཆ་གཞན་དག་ལ་སྤྲིན་པ་མང་པོ་འཁོར་ནས་ཆར་པ་སིམ་སིམ་འབབ་རྒྱུ།
གཟའ་མཇུག་ལ་ཉིང་ཁྲི་དང་། ལྷོ་ཁའི་ལྷོ་རྒྱུད། གཙང་པོ་རྒྱུག་ཁུལ་གྱི་དབུས་ཤར་རྒྱུད་ལ་ཆར་པ་ཆུང་བ་ནས་འབྲིང་བ་འབབ་རྒྱུ་དང་། ས་བབ་དམའ་བའི་ས་ཆ་ཆ་ཤས་ལ་ཆར་པ་ཆེན་པོ་འབབ་རྒྱུ། ནག་ཆུ་ས་ཁུལ་གྱི་དབུས་ཤར་རྒྱུད་དང་ཆབ་མདོ་ས་ཁུལ་གྱི་བྱང་རྒྱུད་ལ་ཆར་པ་ཆུང་བ་ནས་འབྲིང་བ་འབབ་རྒྱུ། ས་ཆ་གཞན་དག་ལ་སྤྲིན་པ་མང་པོ་འཁོར་ནས་ཆར་པ་སིམ་སིམ་འབབ་རྒྱུ།
གཉིས། དྲན་སྐུལ།
1.ཤར་རྒྱུད་དུ་ཆུ་ལོག་དང་། རི་ཉིལ་བ། འདམ་རྡོའི་ཆུ་རུད་སོགས་ཀྱི་ས་གཤིས་གནོད་འཚེ་ཐོན་སླ་བས་དོགས་ཟོན་ཆེན་པོ་བྱེད་དགོས།
2.གཙང་པོ་རྒྱུག་ཁུལ་གྱི་ཞིང་ཁུལ་གཙོ་བོར་ཆར་པ་ཡང་སེ་འབབ་པ་དང་ཆར་ཞོད་ཆེ་བའི་གནམ་གཤིས་བསྟན་རྒྱུ་ཡིན་པས་ལོ་ཏོག་གི་སྙེ་མ་རྒྱས་རྒྱུར་སྐྱོན་བརྒྱབ་ནས་ཐོན་འབབ་ཞན་དུ་འགྲོ་སྲིད་པ་དང་། ཀོང་རོང་དང་བརླན་བཤེར་ཆེ་བའི་ཞིང་ཁར་དུས་ཐོག་ཏུ་འཁྱིལ་ཆུ་བཤང་ནས་ལོ་ཏོག་ལ་རུལ་སྐྱོན་མི་ཡོང་བ་བྱེད་དགོས།
3.ནག་ཆུ་དང་གཙང་པོ་རྒྱུག་ཁུལ་སོགས་ཀྱི་ས་ཆར་གཏད་རྒྱུག་གནམ་གཤིས་ཡང་སེ་བསྟན་སྲིད་པས་ཐོག་དང་སེར་བ་འགོག་པའི་ལས་དོན་ཡག་པོ་སྒྲུབ་དགོས་ལ། གྲོང་ཁྱེར་ཁག་གཅིག་ལ་འཁྱིལ་ཆུའི་གནོད་སྐྱོན་ཡོང་རྒྱུར་ཡང་དོགས་ཟོན་བྱེད་དགོས།