དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ་སྤྲོད་པའི་མཛད་སྒོ

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-06-23

    406433_yis_1497848377237_s.jpg

    ཉེ་ཆར། མལ་གྲོ་གུང་དཀར་རྫོང་གིས“ཅང་སུའུ་རུན་ཧོ་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ”དང་ནན་ཅིང་སློབ་ཆེན་གྱི“ཀྲའོ་ཧྲུའུ་མིང”སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ་སྤྲོད་པའི་མཛད་སྒོ་འཚོགས་ཤིང་། ད་ཐེངས་ཀྱི་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ་ནི་ཅང་སུའུ་རུན་ཧོ་ཁེ་ལས་དང་ནན་ཅིང་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་ཀྲའོ་ཧྲུའུ་མིང་གཉིས་ཀྱིས་མཉམ་དུ་སྒོར་ཁྲི་2ཞལ་འདེབས་བརྒྱབ་ནས་མལ་གྲོ་གུང་དཀར་རྫོང་གི་སློབ་འབྲིང་དང་སློབ་ཆུང་གི“སློབ་སྦྱོང་གི་མིག་དཔེ་བ”དང“ཡར་རྒྱས་མངོན་གསལ་དོད་པའི”རིགས་གཉིས་ཀྱི་སློབ་མ་40ལ་བྱ་དགའ་སྤྲད་པ་རེད། འདི་ནི་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ་སྤྲོད་པའི་མཛད་སྒོ་འཚོགས་ཡུལ་ཡིན་པ།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།