བོད་རིགས་ས་བབ་མཐོ་ཚད་ཇི་ཙམ་ལ་འཚོ་གནས་ཐུབ་མིན་ཐད་མིག་སྔར་ལན་རགས་ཙམ་བྱུང་ཡོད། ཉེ་ཆར། ཀྲུང་གོ་ཚན་རིག་ཁང་ཁུན་མིང་སྲོག་ཆགས་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པའི་ཚོད་ལྟ་ཁང་གིས་བོད་ལྗོངས་སློབ་ཆེན་དང་མཚོ་སྔོན་ས་མཐོའི་གསོ་རིག་ཚན་རིག་ཞིབ་འཇུག་ཁང་སོཌ་དང་མཉམ་དུ་ཞིབ་འཇུག་བྱས་པ་བརྒྱུད་བོད་རིགས་ཀྱི་ཁྲག་དམར་སྤྲི་དཀར་གྱི་གར་ཚད་ས་བབ་དང་འབྲེལ་བ་ཡོད་པ་ཤེས་རྟོགས་ཐུབ་ནས་ས་བབ་མཐོ་ཚད་སྨི་4500ནི་ས་སྐྱེས་རྡོ་སྐྱེས་ཀྱི་བོད་མི་ས་མཐོའི་གསོ་རླུང་དཀོན་པའི་ཁོར་ཡུག་ཏུ་འཚོ་གནས་ཐུབ་པའི་ས་བབ་ཡིན་སྲིད་པ་ཐོག་མར་བཏོན་པ་རེད། འདི་ནི་ཚོགས་པ་དེས་ས་མཐོར་བོད་རིགས་འཚོ་གནས་ཐུབ་མིན་གྱི་ཞིབ་འཇུག་ལས་དོན་སྤེལ་རིང་སླར་ཡང་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་ཞིག་ཡིན། ཞིབ་འཇུག་གྲུབ་འབྲས་དེ་ཟླ་6ཚེས་7ཉིན་དྲ་ཐོག་བརྒྱུད《ཨ་རིའི་ཁྲག་རྒྱུན་རིག་པའི་དུས་དེབ》ཐོག་སྤེལ་བ་ཞིག་རེད།