དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • ཐུམ་སྒྲིལ་བརྒྱབ་པའི་དུས་ཡོལ་མངར་ཟས་ཟ་མི་ཉན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-06-19

    000003.webp.jpg

    དེང་སྐབས་ཚོང་པ་ཉི་ཚེ་བ་འགའ་ཞིག་གིས་དཔལ་འབྱོར་གྱི་ཁེ་ཕན་ཁོ་ནར་བརྔམས་ཏེ། དུས་བཀག་ལས་ཡོལ་བའི་འགྱིག་ཤོག་ནང་བཏུམས་པའི་ཟས་རིགས་མངར་མོ་མང་དག་ཅིག་གྲོང་གསེབ་ཁག་ཏུ་འཁྱེར་ཏེ་ཚོང་གཉེར་བྱེད་ཀྱི་ཡོད་པས། གྲོང་གསེབ་ཀྱི་ལོ་ཆུང་བྱིས་པ་མང་པོ་ཞིག་ལ་ནད་རིགས་སྣ་ཚོགས་ཕོག་གི་ཡོད། དེའི་རྒྱུ་མཚན་ནི་དུས་ཡུན་རིང་པོ་འགྱིག་ཤོག་ནང་ཐུམ་སྒྲིལ་བརྒྱབ་པའི་ཟས་རིགས་ནང་སྤྱིར་ན་རུལ་འགོག་རྫས་འགྱུར་འདུས་ཡོད་ཅིང་། དེ་དག་རླུང་འགྲོ་ས་མེད་པའི་འགྱིག་སྣོད་ཀྱི་ནང་དུ་མངར་བའི་རྒྱུ་དེར་འབུ་ཕྲ་སྐྱེ་འཕེལ་བྱུང་ནས་གཟུགས་པོར་འཚོ་རྒྱུ་ཁ་སྣོན་ཡོང་རྒྱུ་ལྟ་ཅི། དེ་བས་རྫས་འགྱུར་གྱི་ནུས་པ་ཐོན་ཏེ་མངར་རྒྱུ་འགྱིག་ཤོག་ནང་སྐྱུར་མོར་གྱུར་ཏེ་མིག་ཤེད་ལ་གནོད་པ་དང་ཟས་ཀྱི་དང་ག་ཉམས་འགྲོ་ཡི་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།