ཉིན་ཤས་གོང་། ཉིང་ཁྲི་གྲོང་ཁྱེར་སྣང་རྫོང་གདོང་དཀར་གྲོང་རྡལ་ཆ་ཚང་སློབ་ཆུང་དུ“མཐུན་སྒྲིལ་ལ་སྣང་ཆེན་གྱིས་མེས་རྒྱལ་ལ་དགའ་ཞེན་བྱས་ནས་གཞོན་ནུ་ཡག་པོ་ཞིག་བྱེད”ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི་ལོ་ཆུང་གདོང་ལེན་རུ་མི་གསར་ཞུགས་ཀྱི་མཛད་སྒོ་དང་སློབ་གྲྭའི་ལུས་རྩལ་འགྲན་ཚོགས་གཉེར་བ་མ་ཟད། སློབ་མར་ཁྲིད་སྟོན་བྱས་ནས་ཆུང་དུས་ནས་ཕན་ཚུན་རོགས་རམ་དང་མཐུན་སྒྲིལ་མཛའ་མཐུན་གྱི་གོམས་གཤིས་བཟང་པོ་འཇགས་པ་དང་། མི་རིགས་མཐུན་སྒྲིལ་ལ་གཅེས་སྤྲས་དང་རླབས་ཆེན་མེས་རྒྱལ་ལ་དགའ་ཞེན་བྱེད་པའི་འདུ་ཤེས་ཆགས་པར་བྱས་ཤིང་། འདི་ནི་བྱེད་སྒོ་སྤེལ་ཡུལ་ཡིན་པ།