ཉེ་ཆར་འཕྱོངས་རྒྱས་རྫོང་སྤྱི་ཁྱབ་བཟོ་ཚོགས་ཀྱིས་དཔལ་རི་སྡེ་ཁུལ་གྲོང་ལྷན་དུ“སྲིད་ཇུས་དང་། བཅའ་ཁྲིམས། སྨན་དང་སྨན་རྫས་བཅས་གཤམ་སྤེལ”ནང་དོན་གཙོ་བོར་བྱེད་པའི“ཏང་གི་ཚོགས་ཆེན་བཅུ་དགུ་པར་བསུ་བ་ཞུས་ནས་གཞི་རིམ་གྱི་ལས་བཟོར་ཞབས་འདེགས་ཞུ་བའི”བྱེད་སྒོ་སྤེལ་བ་རེད། རྫོང་དེའི་ཁྲིམས་འཛིན་ཅུས་དང་། མི་དམངས་སྨན་ཁང་། “སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོ་གཞུང་ལས་ཁང་སོགས་ཚན་པས“སྣང་ཆེན་བཞི་དང་དགའ་ཞེན་བཞི”དང་། བཅའ་ཁྲིམས་སྲིད་ཇུས་སོགས་ཀྱི་སྲིད་ཇུས་ཤེས་བྱ་དྲིལ་བསྒྲགས་བྱས་པ་རེད། རྫོང་དེའི་མི་དམངས་སྨན་ཁང་གིས་ད་དུང་བོད་སྐྱོར་སྨན་པ་གཙོ་བོར་བྱེད་པའི་སྨན་བཅོས་རུ་ཁག་བཙུགས་ནས་ཞིང་འབྲོག་པ་ལས་མིར་ནད་བརྟག་སྨན་བཅོས་བྱེད་པ་དང་། ཁྲག་ཤེད་ལྟ་བ། སྨན་ཐོ་འབྲི་བ། སྨན་སྤྲོད་པ་སོགས་བྱས་ཤིང་། འདི་ནི་རྫོང་དེའི་མི་དམངས་སྨན་ཁང་གི་བོད་སྐྱོར་སྨན་པས་བྱེད་སྒོ་སྤེལ་ཡུལ་དུ་ཞིང་འབྲོག་པ་ལས་མིར་འོས་འགན་སྨན་བཅོས་བྱེད་པའི་གནས་ཚུལ་ཡིན་པ།