2017ལོར། ཨན་ཧུའེ་ཐུང་ལིང་གྲོང་ཁྱེར་སློབ་འབྲིང་ལྔ་པར་བོད་ཀྱི་རྒྱུགས་སྤྲོད་སློབ་མ་35ཡིས་ཐུང་ལིང་གི་རྒྱུགས་གནས་ཁག་ཏུ་མཐོ་རྒྱུགས་ནང་ཞུགས་རྒྱུ་ཡིན་པ་དང་། ཐུང་ལིང་གྲོང་ཁྱེར་སློབ་འབྲིང་ལྔ་པས་2002ལོ་ནས་བཟུང་བོད་ཀྱི་སློབ་མ་བསྡུ་འགོ་ཚུགས་པའི་ནང་འདི་ལོ་མཐོ་རྒྱུགས་ནང་ཞུགས་མཁན་བོད་ཀྱི་རྒྱུགས་སྤྲོད་སློབ་མ་35ཚུད་པ་དང་། ད་བར་བོད་ཀྱི་སློབ་མ་342ཐུང་ལིང་གྲོང་ཁྱེར་སློབ་འབྲིང་ལྔ་པ་ནས་ཐོན་ཏེ་མཐོ་རྒྱུགས་ནང་ཞུགས་ཤིང་། འདི་ནི་ཟླ་6ཚེས་6ཉིན་ཨན་ཧུའེ་ཐུང་ལིང་གྲོང་ཁྱེར་སློབ་འབྲིང་ལྔ་པའི་བོད་ཀྱི་སློབ་མས་གྲོང་ཁྱེར་དེའི་སློབ་འབྲིང་དང་པོའི་རྒྱུགས་གནས་སུ་རྒྱུགས་ར་རྒྱུས་མངའ་བྱེད་པའི་གནས་ཚུལ་ཡིན་པ།