
འདི་ནི་ཧྥུ་ཁང་སྨན་ཁང་གི་སྨན་པས་མང་ཚོགས་ཀྱི་་གཟུགས་པོར་བརྟག་དཔྱད་བྱེད་པའི་གནས་ཚུལ་ཡིན་པ།

འདི་ནི་ཧྥུ་ཁང་སྨན་ཁང་གི་སྨན་པས་མི་སེར་ལ་འོས་འགན་སྨན་བཅོས་བྱེད་པའི་གནས་ཚུལ་ཡིན་པ།

ཉིན་ཤས་རིང་རང་སྐྱོང་ལྗོངས་ཚན་རྩལ་ཐིང་གིས་ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་དུ“ཚན་རྩལ་དང་འཕྲོད་བསྟེན་གཤམ་སྤེལ”བྱེད་སྒོ་སྤེལ་ནས་རང་སྐྱོང་ལྗོངས་དང་། ལྷོ་ཁ་གྲོང་ཁྱེར། ལྷུན་རྩེ་རྫོང་བཅས་ཀྱི་འབྲེལ་ཡོད་ཚན་པས་འཕྲེད་འགེལ་སྦྱར་ཡིག་འགེལ་བ་དང་འགྲེམས་སྟེགས་བཙུགས་པ་སོགས་ཀྱི་རྣམ་པའི་ཐོག་ནས་མང་ཚོགས་དང་དེ་བཞིན་རྒྱ་ཆེའི་ལས་བྱེད་ལས་བཟོར་ཚན་རྩལ་དང་འཕྲོད་བསྟེན་དྲིལ་བསྒྲགས་དཔྱད་གཞི་སྤྲད་པ་དང་། ཚན་རྩལ་དང་འཕྲོད་བསྟེན་ཤེས་བྱ་བརྒྱུད་བསྒྲགས་བྱས་པ། མང་ཚོགས་ཀྱི་བློ་འདྲིར་ལན་བཏབ་པ་རེད། དེ་དང་དུས་མཚུངས་རང་སྐྱོང་ལྗོངས་ཧྥུ་ཁང་སྨན་ཁང་གིས་ལྷུན་རྩེ་རྫོང་གི་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ལ་འོས་འགན་སྨན་བཅོས་བྱས་པ་རེད།