དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • བོད་ཀྱི་ས་ཁུལ་ཁག་གིས་དྲུག་གཅིག་ལ་རྟེན་འབྲེལ་ཞུ་བའི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-06-03

    401268_yis_1496375572810.jpg

    འདི་ནི་ཟླ་6ཚེས་1ཉིན། རྫོང་རྒྱབ་ཀླུ་ཁང་དུ“བྱིས་པའི་བསམ་བློ་ཏང་ལ་ཕྱོགས། ཏང་གི་བཀའ་དྲིན་ལ་སྣང་ཆེན་གྱིས་སྲོག་ཤིང་ལ་དགའ་ཞེན”གྱི་བརྗོད་དོན་གཙོ་བོའི་ལོ་ཆུང་རིག་རྩལ་མཉམ་འཁྲབ་བྱེད་པའི་གནས་ཚུལ་ཡིན་པ།

    401269_yis_1496375573309.jpg

    ཟླ་6ཚེས་1ཉིན་ལྷ་ས་གྲོང་ཁྱེར་སློབ་ཆུང་དང་པོས་སློབ་ཕྲུག་སྒྲིག་འཛུགས་བྱས་ནས་སློབ་ར་གཙང་འཕྱག་དང་ནག་པང་ཚགས་པར་འབྲི་བ་སོགས་ཀྱི་རྣམ་པའི་ཐོག་ནས་དྲུག་གཅིག་བྱིས་པའི་དུས་ཆེན་ལ་རྟེན་འབྲེལ་ཞུས་ཤིང་། འདི་ནི་ལྷ་ས་གྲོང་ཁྱེར་སློབ་ཆུང་དང་པོའི་ལོ་རིམ་གསུམ་པའི་འཛིན་གྲྭ་བཞི་པའི་སློབ་ཕྲུག་བསོད་ནམས་ཆོས་སྒྲོན་གྱིས་ནག་པང་ཚགས་པར་འབྲི་བའི་གནས་ཚུལ་ཡིན་པ།

    དྲུག་གཅིག་བྱིས་པའི་དུས་ཆེན་གྱི་དགའ་སྤྲོའི་ཉིན་མོར་རང་ལྗོངས་ཀྱི་ས་ཁུལ་ཁག་གིས་བྱེད་སྒོ་ཕུན་སུམ་ཚོགས་པོ་སྤེལ་ནས་དུས་ཆེན་ལ་རྟེན་འབྲེལ་ཞུས་པ་རེད།

    ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་སློབ་ཆུང་གཉིས་པས“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”ཏང་གི་ཚོགས་ཆེན་བཅུ་དགུ་པ་བསུ་བའི་བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོ་དང་དྲུག་གཅིག་ལ་རྟེན་འབྲེལ་ཞུ་བའི་རིག་རྩལ་མཉམ་འཁྲབ་བྱས་ཤིང་། ངོ་མཚར་བའི་ལེ་ཚན་དག་གིས་བྱིས་པ་ཚོ་དགའ་སྤྲོས་མྱོས་པ་དང་། “སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོ་དེ་བྱིས་པ་ཚོའི་རང་འགུལ་བྱ་སྤྱོད་ཅིག་ཏུ་འཇགས་པར་བྱས་པ་རེད།

    ཟླ་5ཚེས་31ཉིན་དང་ཟླ་6ཚེས་1ཉིན། ལྗོངས་མང་ཚོགས་སྒྱུ་རྩལ་ཁང་དང་རྫོང་རྒྱབ་ཀླུ་ཁང་གཉིས་སུ“བྱིས་པའི་བསམ་བློ་ཏང་ལ་ཕྱོགས·ཏང་གི་བཀའ་དྲིན་ལ་སྣང་ཆེན་གྱིས་སྲོག་ཤིང་ལ་དགའ་ཞེན”གྱི་བརྗོད་དོན་གཙོ་བོའི་ལོ་ཆུང་རིག་རྩལ་ལྷན་འཛོམས་འཁྲབ་སྟོན་བྱས་པ་རེད། ཐེངས་འདིའི་འཁྲབ་སྟོན་གཉིས་ལ་གྲོང་ཁྱེར་དང་ས་ཁུལ་ཁག་དང་། སྡེ་ཚན་ཁག སློབ་གྲྭ་འབྲིང་ཆུང་ཁག དམིགས་བསལ་སློབ་གྲྭ ལོ་ཆུང་བྱིས་པའི་སྒྱུ་རྩལ་ཚོགས་པ་སོགས་ཧུར་ཐག་ཞུགས་ཤིང་། འཁྲབ་སྟོན་ཐད་འཚོ་བ་དང་། དངོས་ཡོད། ན་སོ་དར་ལ་མ་བབས་པའི་མི་བཅས་དང་ཉེ་བཅར་དང་། རང་ས་གནས་ཀྱི་ཐུན་མིན་ཁྱད་ཆོས་དང་བཀྲག་མདངས་འཚེར་ས་འབུར་དུ་ཐོན་རྒྱུ། “བྱིས་པའི་བསམ་བློ་ཏང་ལ་ཕྱོགས། སེམས་ཤུགས་གཅིག་སྒྲིལ་གྱིས་ཀྲུང་གོའི་ཕུགས་འདུན་སྒྲུབ”བཅས་འབུར་དུ་ཐོན་རྒྱུ་མཐའ་འཁྱོངས་བྱས་ཡོད་པ་རེད།

    ཟླ་5ཚེས་31ཉིན། ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་རྒྱལ་སྨན་ཤང་བཀྲ་ཤིས་གྲོང་ཚོར་བཅའ་སྡོད་རང་སྐྱོང་ལྗོངས་སྲིད་གཞུང་གཞུང་དོན་ཐིང་གི་ལས་དོན་རུ་ཁག་གིས། བཀྲ་ཤིས་གྲོང་ཚོའི་སློབ་ཆུང་གི་སློབ་ཕྲུག་དང་བུ་བཅོལ་ཁང་གི་གྲོགས་པོ་ཆུང་ཆུང་ཚོར་གཅེས་སེམས་ལག་རྟགས་སྤྲད་ཅིང་། “དེ་རིང་། ང་ཧ་ཅང་སྤྲོ་པོ་བྱུང་། ང་ལ་ཕྱུ་པ་དམར་སྨུག་ཧ་ཅང་མཛེས་པོ་ཞིག་རག་བྱུང་། འདི་ནི་དྲུག་གཅིག་བྱིས་པའི་དུས་ཆེན་ཉིན་གྱི་ལག་རྟགས་ཡག་ཤོས་དེ་ཡིན། གྲོང་སྡོད་ལས་དོན་རུ་ཁག་གི་ཨ་ཁུ་དང་ཨ་ཅག་ཚོས་ལག་རྟགས་ཡག་པོ་འདི་འདྲ་གནང་བར་ཐུགས་རྗེ་ཆེ། དེ་རིང་ངས་ཀྱང་ཞབས་བྲོ་ཞིག་གྲ་སྒྲིག་བྱས་ཡོད། ཨ་ཁུ་དང་ཨ་ཅག་ཚོས་གཟིགས་རོགས”ཅེས་བཀྲ་ཤིས་གྲོང་ཚོའི་བུ་བཅོལ་ཁང་གི་གྲོགས་པོ་ཆུང་ཆུང་ཚེ་རིང་དཔལ་མོས་དགའ་སྤྲོ་ཆེན་པོས་བཤད།

    ཟླ་6ཚེས་1ཉིན། བོད་དམག་ཁུལ་ཁང་གི་རླངས་འཁོར་ཐོན་ཞིག་གི་དཔོན་དམག་བརྒྱ་ལྷག་ཙམ་བཅའ་སྡོད་བྱ་ཡུལ་རྒུ་རུམ་ཤང་ལྟེ་བའི་སློབ་ཆུང་དུ་ཕེབས་ནས་དྲུག་གཅིག་གི་འཚམས་འདྲིའི་བྱེད་སྒོ་སྤེལ་ཅིང་། དཔོན་དམག་ཚོས་བྱིས་པ་ཚོར་འཚམས་འདྲིའི་དངུལ་སྤྲད་པ་མ་ཟད། ད་དུང་ཁོང་ཚོས་བཏབས་པའི་རྒྱ་མ་300ལྷག་གི་སྔོ་ཚལ་དང་ཀྭ་རིགས་དང་ཉ་ཤ་སོགས་སྣ་ཁ་30ལྷག་ཙམ་སྤྲད་པ་རེད། བྱེད་སྒོ་མཇུག་འགྲིལ་རྗེས་དགེ་སློབ་ཚོས་ཞིམ་མངར་ལྡན་པའི་ཀྲོ་མ་ཀྲུ་ཟ་བཞིན་གདོང་ལ་འཛུམ་གྱི་མེ་ཏོག་བཞད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།