དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • བྱིས་སེམས་ལྷན་དུ་འགྲོགས། མཇལ་དར་ཏང་ལ་འབུལ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-06-02

    དམར་མདངས་བཀྲ་བའི་སྐེ་དར་དམར་པོས་ལྷད་མེད་དྭངས་གཙང་གི་ངོ་གདོང་དེ་བས་དམར་མདངས་རྒྱས་པར་བྱེད་པ་དང་། མི་སེམས་གཡོ་བའི་གླུ་དབྱངས་རེ་རེ་ལས་ཕྲུ་གུ་རྣམས་ཀྱིས་མེས་རྒྱལ་ལ་བཅངས་པའི་དགའ་ཞེན་མཚོན། ཟླ་5ཚེས་26ཉིན་དྲུག་གཅིག་བྱིས་པའི་དུས་ཆེན་འཆར་ཉེར་ཡོད་པའི་སྐབས་སུ། ལྷོ་ཁ་གྲོང་ཁྱེར་གྱི་སློབ་ཆུང་དང་པོ་དང་། འབྱུང་འགྱུར་སྐད་གཉིས་སྒྱུ་རྩལ་བུ་བཅོལ་ཁང་། ཚོད་ལྟའི་བུ་བཅོལ་ཁང་སོགས་སློབ་གྲྭ་11གི་དགེ་སློབ་རྣམས་མཉམ་དུ་འཛོམས་ནས་བྱིས་པའི་དུས་ཆེན་ལ་རྟེན་འབྲེལ་ཞུས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་རིག་རྩལ་མཉམ་འཁྲབ་ནི་ལྷོ་ཁ་གྲོང་ཨུད་དྲིལ་བསྒྲགས་པུའུ་དང་གྲོང་ཁྱེར་སློབ་གསོ་ལུས་རྩལ་ཅུས་ཀྱིས་མཉམ་དུ་གཉེར་བ་དང“ཏང་ལ་མཇལ་དར་སྒྲོན། དགའ་སྤྲོའི་གླུ་དབྱངས་ལེན”ཞེས་པ་བརྗོད་བྱ་གཙོ་བོར་བྱས་པའི་རིག་རྩལ་འཁྲབ་སྟོན་ཞིག་རེད།

    དགའ་སྤྲོའི་གར་གྱི་སྟངས་སྟབས་དང་རོལ་མོའི་འགྱུར་ཁུག་དང་མཉམ་དུ《ཡར་ཀླུང་གི་ལོ་ཆུང》ཞེས་པ་ལས་འཁྲབ་སྟོན་འགོ་ཚུགས་ཤིང་། བོད་མི་རིགས་ཀྱི་རིག་གནས་ཁྱད་ཆོས་ཆེན་པོ་ལྡན་པའི་གླུ་གར་འཁྲབ་སྟོན་དེ་སློབ་མ་ཚོས་གྲལ་སྟར་འགྲིག་པོས་འཁྲབ་པ་དང་། ཁོང་ཚོས་མི་རིགས་ཀྱི་གྱོན་ཆས་གྱོན་ཏེ་གླུ་གར་འཁྲབ་སྟོན་བྱས་པས་བོད་མི་རིགས་ཀྱི་གླུ་གར་གྱི་སྒེག་ཉམས་གང་ལེགས་མངོན་ཡོད།

    ལྷོ་ཁ་གྲོང་ཁྱེར་དམིགས་བསལ་སློབ་གྲྭའི་སློབ་མས་འཁྲབ་པའི་ལག་བརྡའི་ཞབས་བྲོ《སྣང་ཆེན་བཞི་དང་དགའ་ཞེན་བཞི་བློ་ལ་བརྟན་པོར་བཅངས》ཞེས་པའང་ལྟད་མོ་ཧ་ཅང་ཆེན་པོ་ཡོད། ཁོང་ཚོས་ལག་བརྡར་བརྟེན་ནས་ཚེ་སྲོག་ལ་གསོན་ཤུགས་སྣོན་པ་དང་ཏང་དང་མེས་རྒྱལ་ལ་དགའ་ཞེན་བྱེད་ཚུལ་གསོན་ཉམས་དོད་པོས་འཁྲབ་ཡོད།

    ལྷོ་ཁ་གྲོང་ཁྱེར་སློབ་ཆུང་གསུམ་པའི་ལོ་རིམ་ལྔ་པའི་སློབ་མ་ཏོན་ཡུན་ཧྥེ་ཡིས“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”ནང་དོན་བློ་ལ་བརྟན་པོ་ངེས་ཡོད་པ་དང་། ཁོང་གིས“ལེ་ཚན་དེ་ལས་ངས‘ཏང་གི་བཀའ་དྲིན་ལ་སྣང་ཆེན་གྱིས་སྲོག་ཤིང་ལ་དགའ་ཞེན་བྱེད’ཅེས་པའི་སྐད་ཆ་དེ་གོ་བ་གཏིང་ཟབ་ལོན་ཐུབ་བྱུང་བས་སླད་ཕྱིན་གྱི་འཚོ་བའི་ཁྲོད་ངས་སློབ་སྦྱོང་ལ་དེ་བས་འབད་བརྩོན་བྱས་ཏེ་འཚོ་བར་དགའ་ཞེན་དང་། རྒྱལ་ཁབ་དང་སྤྱི་ཚོགས་ལ་ཕན་ཐོགས་པའི་མི་ཞིག་བྱ་རྒྱུའི་བརྩོན་ལེན་བྱ་རྒྱུ་ཡིན་ཞེས་བཤད”

    ལྷ་མོ《བཀྲ་ཤིས་ཞོལ་པ》ལས་དུས་ཆེན་དེ་བས་བཀྲ་ཤིས་ལ་སྤྲོ་སྣང་དོད་པའི་རྣམ་པ་མངོན་པ་མ་ཟད། ཡར་ཀླུང་གི་ཕུན་སུམ་ཚོགས་པའི་ལོ་རྒྱུས་རིག་གནས་ཀྱི་ནང་དོན་གར་སྟེགས་ཐོག་སྟོན་པས་རིག་རྩལ་འཁྲབ་སྟོན་གྱི་ཚ་རླབས་འཕྱུར་ཡོད། རོལ་དབྱངས་ལུས་རྩལ《ཡར་ཀླུང་གི་གླུ་གར》དང《སློབ་གླིང་གི་གླུ་གར》ཞེས་པར་སྲོལ་རྒྱུན་ཞབས་བྲོའི་ཁྲོད་དེང་རབས་ཀྱི་ཁྱད་ཆོས་བསྣན་ཡོད་པ་དང་སློབ་མ་ཚོས་སྤྲོ་སྣང་ལྡན་པའི་གླུ་གཞས་དང་བཅས་གར་ལ་རོལ་བས་ས་གནས་ས་ཐོག་ཏུ་དུས་ཆེན་རྣམ་པ་དེ་བས་ཟབ་པོ་མངོན་ཡོད།

    ལྷོ་ཁ་གྲོང་ཁྱེར་སློབ་ཆུང་གསུམ་པའི་སློབ་མ་ཀུན་བཟང་པད་མས་དགའ་ཚོར་ཆེན་པོས“ལེ་ཚན་དེ་འཁྲབ་སྟོན་བྱེད་མཁན་ཁྲོད་ངའི་གྲོགས་པོ་ཡོད། རྗེས་སུ་ངས་ནང་སྦྱོང་ཡག་པོ་བྱས་ནས་གར་སྟེགས་ཐོག་སྐྱོད་ཐུབ་པའི་བརྩོན་ལེན་བྱ་རྒྱུ་ཡིན། འདི་ནི་ང་ཚོར་དབང་བའི་དུས་ཆེན་ཡིན་པས་དགེ་རྒན་དང་སློབ་མ་ཚོས་དཀའ་སྤྱད་འབད་བརྩོན་བྱས་པར་ཐུགས་ཆེ་རྗེ་ཞུ་རྒྱུ་ཡིན་ཞེས་བཤད”

    ལྷོ་ཁ་གྲོང་ཁྱེར་ཚོད་ལྟའི་བུ་བཅོལ་ཁང་གཉིས་པའི་དགེ་རྒན་བསོད་ནམས་བདེ་སྐྱིད་ཀྱིས་རང་ཉིད་དགེ་རྒན་ཞིག་ཡིན་པའི་ངོས་ནས་ཕྲུ་གུར་དགའ་པོ་བྱེད་པ་ལྟར་མེས་རྒྱལ་གྱི་མེ་ཏོག་ལ་གཅེས་སྐྱོང་བྱེད་ཀྱི་ཡོད། སླད་ཕྱིན་གྱི་ལས་ཀའི་ཁྲོད་ངས་མུ་མཐུད་རང་འཁྲིའི་ལས་དོན་ཡག་པོ་བསྒྲུབས་ཏེ་བྱིས་པ་ཚོར་མེས་རྒྱལ་ལ་དགའ་ཞེན་དང་། འཚོ་བར་དགའ་ཞེན། ཏང་གི་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲངས་པ་བཅས་བྱེད་དགོས་པའི་སློབ་གསོ་དང་ཁྲིད་སྟོན་སྔར་བས་ཡག་པོ་བྱ་རྒྱུ་ཡིན་ཞེས་བཤད།

    ལྷོ་ཁ་གྲོང་ཁྱེར་སློབ་གསོ་ལུས་རྩལ་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་གསར་འགོད་པར“ཕྲུ་གུ་ནི་མེས་རྒྱལ་གྱི་འབྱུང་འགྱུར་དང་། མི་རིགས་ཀྱི་རེ་བ། ཁྱིམ་ཚང་གི་བློ་གཏད་བཅོལ་ས་བཅས་ཡིན། ད་ཐེངས་བྱེད་སྒོ་སྤེལ་བའི་དམིགས་ཡུལ་ནི་ཕྲུ་གུ་ཚོར་སྤྲོ་སྣང་ཆེ་ལ་དོན་སྙིང་ལྡན་པའི་བྱིས་པའི་དུས་ཆེན་ཞིག་གཏོང་རྒྱུ་ཡོང་བ་བྱས་ནས་ཕྲུ་གུ་ཚོས་སྙིང་རུས་ཆེན་པོས་སློབ་སྦྱོང་བྱས་ཏེ་འབྱུང་འགྱུར་བོད་གསར་འཛུགས་སྐྲུན་བྱ་རྒྱུར་ལེགས་སྐྱེས་མང་ཙམ་འབུལ་རྒྱུའི་རེ་བ་ཡོད”ཅེས་བཤད་པ་རེད།

    400825_yis_1496289543294.jpg

    ལྷ་ས་གྲོང་ཁྱེར་སློབ་ཆུང་དང་པོའི་ཕྲུ་གུ་ཚོས་གླུ་ལེན་གར་འཁྲབ་ཀྱིས་དྲུག་གཅིག་བྱིས་པའི་དུས་ཆེན་དགའ་གཏོང་བྱེད་ཅིང་། འདི་ནི་ལྷ་ས་གྲོང་ཁྱེར་སློབ་ཆུང་དང་པོའི་སློབ་མ་ཚོས་ཞབས་བྲོ་འཁྲབ་བཞིན་པ།

    400824_yis_1496289541234.jpg

    ལྷོ་ཁ་གྲོང་ཁྱེར་ཆུ་གསུམ་རྫོང་ཆུ་གསུམ་གྲོང་རྡལ་སློབ་ཆུང་གིས“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོ་དང་ཟུང་འབྲེལ་གྱིས་སྣ་མང་ཕུན་སུམ་ཚོགས་པའི་རིག་རྩལ་བྱེད་སྒོ་སྤེལ་ནས་དྲུག་གཅིག་དུས་ཆེན་ལ་རྟེན་འབྲེལ་ཞུས་ཤིང་། འདི་ནི་ཆུ་གསུམ་གྲོང་རྡལ་སློབ་ཆུང་གི་གདོང་ལེན་རུ་མི་རྒན་པས་གཞོན་པར་སྐེ་དར་འདོགས་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།