དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • ​ ཁོར་ཡུག་སྲུང་སྐྱོང་དྲིལ་བསྒྲགས་བྱེད་སྒོ་སློབ་གྲྭར་སྤེལ་བ།

  • ཡོང་ཁུངས།  ​ ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-06-01

    འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་5ཚེས་30ཉིན་གནས་ཚུལ་འབྱོར་གསལ། དྲུག་གཅིག་བྱིས་པའི་དུས་ཆེན་སླེབས་ཉེར་ཡོད་པའི་མཚམས་དེར་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་རྔ་ཆེན་སློབ་ཆུང་གིས“སྣང་ཆེན་བཞི་དང་དགའ་ཞེན་བཞི”ཡི་བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོ་དང་ཟུང་འབྲེལ་བྱས་ཏེ་ལྷ་ས་གྲོང་ཁྱེར་ཁོར་ཡུག་སྲུང་སྐྱོང་ཅུས་ཀྱི་འབྲེལ་ཡོད་མི་སྣ་ཁོར་ཡུག་སྲུང་སྐྱོང་དྲིལ་བསྒྲགས་བྱེད་སྒོ་སློབ་གྲྭར་སྤེལ་བར་གདན་དྲངས་ནས་སློབ་གྲྭའི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དྲིལ་བསྒྲགས་ལ་ཤུགས་སྣོན་དང་ཁོར་ཡུག་སྲུང་སྐྱོང་ཤེས་བྱ་ཁྱབ་གདལ་བཏང་ནས་སློབ་མ་དེ་བས་མང་བར་ཆུང་དུས་ནས་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་འཛུགས་རོགས་བྱས་པ་རེད།

    400517_yis_1496206585224.jpg

    དྲུག་གཅིག་བྱིས་པའི་དུས་ཆེན་འཆར་ལ་ཉེ་བའི་མཚམས་སུ་རང་ལྗོངས་ཀྱི་བུ་བཅོལ་ཁང་དང་སློབ་ཆུང་ཁག་གིས“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”བརྗོད་དོན་གཙོ་བོའི་སློབ་གསོ་ལག་ལེན་བྱེད་སྒོ་དང་ཟུང་འབྲེལ་བྱས་ཏེ་སྣ་མང་ཕུན་སུམ་ཚོགས་པའི་རིག་རྩལ་བྱེད་སྒོ་སྤེལ་ནས་རང་ཉིད་ཀྱི་དུས་ཆེན་ལ་རྟེན་འབྲེལ་ཞུས་ཤིང་། འདི་ནི་ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་བུ་བཅོལ་ཁང་གི་དགེ་སློབ་ཚོས《ནུབ་ཕྱོགས་སུ་སྐྱོད་པའི་རྣམ་ཐར》འཁྲབ་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།