དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • གཅེས་སེམས་སློབ་སྐྱོར་གྱིས་རེ་བའི་སེམས་ཤུགས་འཕེལ་བ།

  • ཡོང་ཁུངས།  ​ ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-06-01

    ཟླ་5ཚེས་25ཉིན་གྱི་ཕྱི་དྲོ་སྟོད་ལུང་བདེ་ཆེན་ཆུས་གནས་ཆུང་གྲོང་རྡལ་གྱི་ལྟེ་བའི་སློབ་ཆུང་ནང་གནས་ཆུང་གྲོང་རྡལ་ལྟེ་བའི་བུ་བཅོལ་ཁང་དང་། སྦྱར་རགས་བུ་བཅོལ་ཁང་། སྒང་བདེ་གླིང་གྲོང་ཚོའི་བུ་བཅོལ་ཁང་། རྒྱ་མོ་གྲོང་ཚོའི་བུ་བཅོལ་ཁང་། འབྲོག་མ་གྲོང་ཚོའི་བུ་བཅོལ་ཁང་། གནས་ཆུང་གྲོང་རྡལ་ལྟེ་བའི་སློབ་ཆུང་བཅས་ཀྱི་སློབ་མའི་འཐུས་མི་རྣམས་མཉམ་དུ་དགའ་འཛོམས་བྱས་པ་རེད།

    ཀྲུང་ཧྲང་ཧྭ་ཞ་ཐོན་རྫས་ཚད་ཡོད་འགན་འཁྲི་ཀུང་སིས་ཀྲུང་ཧྲང་ཧྭ་ཞ་ཚོགས་པ་ཀུང་སིའི་ཚབ་བྱས་ཏེ་བུ་བཅོལ་ཁང་5དང་ལྟེ་བའི་སློབ་ཆུང་1ལ་སྒོར་ཁྲི་7ལྷག་ཙམ་རི་བའི་སློབ་སྦྱོང་གི་མཁོ་ཆས་དང་། ལུས་རྩལ་གྱི་མཁོ་ཆས། འཚོ་བའི་མཁོ་ཆས། སློབ་ཁྲིད་མཁོ་ཆས་སོགས་སྤྲད་པ་རེད།

    ཞལ་འདེབས་འབུལ་བའི་མཛད་སྒོ་མཇུག་འགྲིལ་རྗེས་ཀྲུང་ཧྲང་ཧྭ་ཞ་ཐོན་རྫས་ཚད་ཡོད་འགན་འཁྲི་ཀུང་སིའི་འཐུས་མིས་གནས་ཆུང་གྲོང་རྡལ་ལྟེ་བའི་སློབ་ཆུང་ལ“དམིགས་བཙུགས་སློབ་སྐྱོར་དཔེ་སྟོན་སློབ་གྲྭའི”སྒོ་བྱང་སྤྲད་པ་མ་ཟད། གནས་ཆུང་གྲོང་རྡལ་ལྟེ་བའི་སློབ་ཆུང་དང་ཆ་སྒྲིག་རོགས་སྐྱོར་དང་སློབ་སྐྱོར་གྱི་གྲོས་མཐུན་ཡི་གེར་མིང་རྟགས་ཀྱང་བཀོད་པ་རེད།

    400503_yis_1496206366434.jpg

    ཟླ་5ཚེས་28ཉིན་ལྷ་ས་གྲོང་ཁྱེར་གྱི་སྐབས་གཉིས་པའི“དགེ་བརྩོན་ཡར་ཐོན་གྱི་ལོ་ཆུང་ཡག་པོ”དཔྱད་འདེམས་གཟེངས་བསྟོད་དང་དྲུག་གཅིག་གི་རིག་རྩལ་མཉམ་འཛོམས་འཁྲབ་སྟོན་ལྷ་ས་གྲོང་ཁྱེར་གཞོན་ནུ་ལོ་ཆུང་བྱེད་སྒོའི་ལྟེ་གནས་སུ་གཉེར་ཞིང་། འདི་ནི་ལྷ་ས་གྲོང་ཁྱེར་གཞོན་ནུ་ལོ་ཆུང་བྱེད་སྒོའི་ལྟེ་གནས་ཀྱི་ཚོགས་ཁང་ནང་གྲོགས་པོ་ཆུང་ཆུང་ཞིག་གིས་ཡིག་གཟུགས་ངོམ་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།