དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • སྐབས་གཉིས་པའི་ཕུལ་བྱུང་ཚན་རྩལ་ལས་དོན་པར་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-06-01

    ཚེས་30ཉིན“འཛམ་གླིང་གི་ཚན་རྩལ་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ལམ་བུར་བཞུད་པའི་ཀྲུང་གོའི་ཚན་རིག་མཁས་ཅན་བརྗོད་དོན་གཙོ་བོར་བྱས་པའི་འགྲེམས་སྟོན”གྱི་འགོ་ཚུགས་མཛད་སྒོ་དང་སྐབས་གཉིས་པའི་བོད་རང་སྐྱོང་ལྗོངས་ཀྱི་ཕུལ་བྱུང་ཚན་རྩལ་ལས་དོན་པར་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་ལྷ་སར་འཚོགས་པ་རེད། ཚོགས་འདུའི་ཐོག་ལྗོངས་ཡོངས་ཀྱི་རྒྱ་ཆེའི་ཚན་རྩལ་ལས་དོན་པར་གསར་གཏོད་ཡར་བརྩོན་བྱེད་པ་དང་ཚན་རྩལ་གྱི་རྩེ་མོར་འཛེག་པའི་སྙིང་སྟོབས་དར་སྤེལ་གྱིས་གསར་གཏོད་རྣམ་པའི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་རླབས་ཆེན་བྱ་གཞག་དང་མཐའ་སྐྱོང་བོད་བརྟན་གྱི་ལག་ལེན་ནང་བྱས་རྗེས་གསར་པ་སླར་ཡང་འཇོག་དགོས་པའི་འབོད་སྐུལ་བྱས་པ་རེད།

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རྩ་འཛུགས་པུའི་པུའུ་ཀྲང་ཙེང་དབན་མིང་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་དང་། ཀྲུང་གོ་ཚན་རྩལ་མཐུན་ཚོགས་ཀྱི་ཏང་ཙུའི་ཁོངས་མི་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་ཝང་ཁྲུན་ཧྥ་ཡིས་འགོ་ཚུགས་མཛད་སྒོའི་ཐོག་ཤིས་ཚིག་གསུངས་པ་རེད།

    ཙེང་དབན་མིང་གིས་ཚན་རྩལ་དར་རྒྱས་བྱུང་ན་མི་རིགས་དར་རྒྱས་ཡོང་རྒྱུ་དང་ཚན་རྩལ་སྟོབས་ཆེར་སོང་ན་རྒྱལ་ཁབ་སྟོབས་ཆེར་འགྲོ་ཐུབ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་འཛམ་གླིང་གི་ཚན་རྩལ་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བྱ་རྒྱུའི་འཐབ་ཇུས་གལ་ཆེན་བཀོད་ནས་འཛམ་གླིང་གི་ཚན་རྩལ་རྒྱལ་ཁབ་སྟོབས་ཆེན་ཕྱོགས་སུ་སྐྱོད་པའི་རྒྱང་སྐྱོད་ལམ་བུར་སྐྱོད་འགོ་ཚུགས་ཡོད། ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཚན་རྩལ་ལ་བརྟེན་ནས་བོད་དར་རྒྱས་གཏོང་རྒྱུའི་འཐབ་ཇུས་དང་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ལག་ལེན་ཤུགས་ཆེན་བསྟར་ནས་ལྗོངས་ཡོངས་ཀྱི་ཚན་རྩལ་ལས་དོན་དང་ཚན་རྩལ་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད་ཅེས་གསུངས་པ་རེད།

    ཙེང་དབན་མིང་གིས་མིག་སྔར་བོད་འདི་ཉིད་རྒྱུན་མཐུད་བརྟན་ལྷིང་དང་ཕྱོགས་ཡོངས་ནས་བརྟན་ལྷིང་ནས་ཡུན་རིང་བདེ་འཁོད་ཕྱོགས་སུ་སྐྱོད་པའི་འགག་རྩའི་དུས་མཚམས་སུ་གནས་པ་དང་དེ་བཞིན་དབུལ་སྒྲོལ་འགག་སྒྲོལ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་རྒྱལ་ཁ་ཕྱོགས་ཡོངས་ནས་ལེན་པའི་དུས་མཚམས་སུ་གནས་པས་ཚན་རྩལ་གྱི་དགོས་མཁོ་དེ་སྔོན་ཆད་དུས་སྐབས་གང་ཞིག་ལས་ཁ་ཚ་དགོས་གཏུགས་ཆེ་བ་ཡོད་ཅེས་ནན་བཤད་གནང་ཞིང་། ཁོང་གིས་ལྗོངས་ཡོངས་ཀྱི་རྒྱ་ཆེའི་ཚན་རྩལ་ལས་དོན་པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་ལྷག་པར་དུ་བློ་མཐུན་ཧོང་ཏ་ཉན་གྱི་སྔོན་ཐོན་བྱས་རྗེས་སྐོར་ལ་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། བློ་མཐུན་ཧོང་ཏ་ཉན་དང་གཟེངས་བསྟོད་ཐོབ་པའི་སྔོན་ཐོན་དཔེ་བཟང་མིག་དཔེར་འཛིན་པ། ཚན་རིག་གི་སྙིང་སྟོབས་དར་སྤེལ་བཏང་ནས་ཚན་རྩལ་གྱི་རྩེ་མོར་འཛེག་པ། ཚན་རིག་གི་འདུ་ཤེས་ཁྱབ་གདལ་བཏང་ནས་ཚན་རིག་གི་ས་བོན་གང་སར་འདེབས་པ་བཅས་བྱས་ནས་རང་ལྗོངས་འཕེལ་རྒྱས་མྱུར་པོ་དང་། ཡུན་རིང་བདེ་འཁོད། ལྷག་པར་དུ་ཚན་རྩལ་བྱ་གཞག་འཕེལ་རྒྱས་བཅས་ཡོང་ཕྱིར་ལེགས་སྐྱེས་སྔར་བས་ཆེ་བ་འབུལ་དགོས་པའི་བླང་བྱ་བཏོན་གནང་བ་རེད།

    ཝང་ཁྲུན་ཧྥ་ཡིས་རང་ལྗོངས་ཀྱི་རྒྱ་ཆེའི་ཚན་རྩལ་ལས་དོན་པས་སྔོན་ཐོན་པ་མིག་དཔེར་འཛིན་ཏེ་ཚན་རྩལ་གྱི་མེ་ཏོག་གངས་ལྗོངས་ས་མཐོར་བཞད་པར་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།