དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • བོད་ཀྱི་2017ལོའི་ཚན་རྩལ་བྱེད་སྒོའི་གཟའ་འཁོར་འགོ་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-05-22

    རྒྱལ་ཡོངས་ཚན་རྩལ་བྱེད་སྒོའི་གཟའ་འཁོར་གྱི་བཀོད་སྒྲིག་གཞིར་བཟུང་། ཚེས་20ཉིན་རང་སྐྱོང་ལྗོངས་ཚན་རྩལ་ཐིང་དང་ཚན་རྩལ་མཐུན་ཚོགས་སོགས་ཚན་པས་མཉམ་འབྲེལ་ཐོག་སྤེལ་བའི་ལྗོངས་ཡོངས་ཀྱི་ཚན་རྩལ་བྱེད་སྒོའི་གཟའ་འཁོར་གྱི་འགོ་ཚུགས་མཛད་སྒོ་ལྷ་སར་འཚོགས་པ་རེད། འདི་ལོའི་ཚན་རྩལ་བྱེད་སྒོའི་གཟའ་འཁོར་ཐོག“ཚན་རྩལ་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེར་གཏོང་། གསར་གཏོད་ལ་བརྟེན་ནས་ཕུགས་འདུན་མངོན་འགྱུར་བྱེད”ཅེས་པ་བརྗོད་དོན་གཙོ་བོར་བྱས་ཏེ་རང་ལྗོངས་ཀྱིས་ས་ཁོངས་ཀྱི་ཁྱད་ཆོས་དང་ལས་རིགས་ཀྱི་ལེགས་ཆ་མངོན་གསལ་དོད་པོ་ཡོང་བ་བྱས་ཏེ་བྱེད་ཐབས་སྣ་མང་གི་ཚན་རིག་ཁྱབ་གདལ་གྱི་བྱེད་སྒོ་སྤེལ་བ་རེད།

    ཟླ་5ཚེས་20ནས་27ཉིན་བར་གྱི་ཚན་རྩལ་བྱེད་སྒོའི་གཟའ་འཁོར་རིང་རང་ལྗོངས་ཀྱིས་གཅིག་ནས་ཚན་རྩལ་དབུལ་སྐྱོར་གྱི་གྲུབ་འབྲས་དྲིལ་བསྒྲགས་བྱས་ནས་ཚན་རྩལ་གནད་སྨིན་དབུལ་སྐྱོར་དབུལ་སྒྲོལ་དང་ཚན་རྩལ་ཆེད་མངགས་པ་སོགས་ཀྱི་ལས་ཀ་འཕེལ་རྒྱས་འགྲོ་ཚུལ་དང་ཚན་རྩལ་གླིང་བསྐྲུན་པའི་ཕན་འབྲས་སོགས་འགྲེམས་སྟོན་བྱས་ཏེ་ལྗོངས་ཡོངས་སུ་ཚན་རྩལ་ལས་རིགས་ཀྱིས་གནད་སྨིན་དངོས་སྒྲུབ་བྱ་སྤྱོད་ཀྱི་རྣམ་པ་བཟང་པོ་ཞིག་ཆགས་པ་བྱས་པ་དང་། གཉིས་ནས་ཚོད་ལྟའི་རང་བཞིན་ཆེ་ལ་ཞུགས་ཚད་མཐོ་བའི་ཚན་རྩལ་བྱེད་སྒོ་སྤེལ་ནས་གྲགས་ཅན་རིགས་གཅིག་མཁས་ཅན་གདན་དྲངས་ཏེ་ཚན་རྩལ་གྱི་གླེང་མང་བའི་གནད་དོན་འགྲེལ་བཤད་བརྒྱབ་ནས་སྤྱི་དམངས་ཀྱིས་ཚན་རིག་ལ་བསམ་གཞིག་དང་། གསར་གཏོད་ལ་རྒྱབ་སྐྱོར། ལས་གཏོད་ནང་ཞུགས་པ་བཅས་བྱ་རྒྱུར་སྐུལ་འདེད་བཏང་བ། གསུམ་ནས་སྤུས་ལེགས་ཚན་རྩལ་ཐོན་ཁུངས་ཀྱི་སྒོ་མོ་དབྱེ་བ་དང་ཚན་རིག་ཁྱབ་གདལ་གཏོང་བའི་འགྲེམས་ཁང་དང་ཚན་རིག་ཁྱབ་གདལ་གྱི་རྟེན་གཞི་སྤྱི་ཚོགས་ལ་སྒོ་མོ་ཕྱེ་ནས་ཚན་རྩལ་ཞབས་ཞུའི་སྤྱི་ཚོགས་ཀྱི་ཚན་རིག་ཁྱབ་གདལ་གྱི་སྤྱི་པའི་ཞབས་ཞུའི་ལས་སྟེགས་ཤིག་བསྐྲུན་པ། བཞི་ནས“ཚན་རྩལ་མེ་འཁོར་བོད་སྐྱོད་བྱ་སྤྱོད”ཅེས་པའི་བྱེད་སྒོ་སྤེལ་ནས་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཚན་རྩལ་དང་། འཕྲོད་བསྟེན། ཞིང་ལས། ཁོར་ཡུག་སྲུང་སྐྱོང་སོགས་ཁྱབ་ཁོངས་ཀྱི་རིགས་གཅིག་མཁས་ཅན་ལྷ་ས་དང་། གཞིས་རྩེ། ནག་ཆུ་སོགས་སུ་ཡོང་རྒྱུ་སྒྲིག་འཛུགས་བྱས་ནས་ཚན་རྩལ་རྣམ་གྲངས་འབྲེལ་མཐུད་ཡོང་བ་བྱ་རྒྱུ་བཅས་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།