ཕྲུ་གུར་ཆམ་ནད་ཕོག་པའི་བརྒྱུད་རིམ་ནི་དང་ཐོག་སྣ་ཆུ་དོན་ནས་ཧབ་ཆི་རྒྱག་པ་དང་། དེ་རྗེས་ཚ་བ་རྒྱས་ནས་གློ་གཟའ་འཁོར་གཅིག་གཉིས་ཙམ་རྒྱག་གི་ཡོད།
དབུགས་ལམ་བདེ་པོ་མེད་ཚེ། མང་ཆེ་བ་ཆམ་ནད་ཕོག་པས་ཡིན། གཙོ་བོ་ནད་དུག་འགོས་པས་དོན་དངོས་ཐོག་དམིགས་བསལ་གྱི་ནུས་པ་ལྡན་པའི་སྨན་བཅོས་བྱེད་སྟངས་མེད་པ་དང་མང་ཆེ་བ་གཟའ་འཁོར་གཅིག་ནང་རང་བཞིན་ངང་དྲག་གི་ཡོད། ཨ་མའི་འོ་མ་སྟེར་བའི་ཕྲུ་གུ་ཡིན་ནའང་འདྲ་ཡང་ན་འོ་རྩམ་སྟེར་བའི་ཕྲུ་གུ་ཡིན་ནའང་འདྲ། གལ་ཏེ་ཆུ་དང་འོ་མ་མང་པོ་འཐུང་བ་དང་ཚ་བ་མཐོ་པོ(ཏུའུ་38.5ཡན)མ་རྒྱས་པ་བྱེད་པའི་ཁར་གློ་སྨན(ཁོར་ཡུག་གི་བཞའ་ཚན་མཐོ་རུ་གཏོང་བ་དང་བདེ་འཇགས་ལྡན་པའི་གློ་སྨན་སྟེར་བ)འོས་འཚམ་སྟེར་ཚེ། དུག་སྲིན་འགོག་སྨན་མ་སྟེར་ནའང་ཆོག དུག་སྲིན་འགོག་སྨན་ནི་སྨན་མཆོག་མིན་པས་ནད་འགོག་ནུས་པ་ཞན་དུ་གཏོང་གི་ཡོད།