དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • ཐག་ཉེ་སར་ཞབས་འདེགས་ཞུས་ནས་དམངས་ཀྱི་བདེ་ཐང་འགན་ལེན་བྱེད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-05-17

    394507_yis_1494477988464_s.jpg

    འདི་ནི་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་སྦེ་པ་གྲོང་རྡལ་འཕྲོད་བསྟེན་ཁང་གི་ཡོན་ཀྲང་བསམ་གྲུབ་ཀྱིས་ནད་པར་ཁྲག་ཤེད་ལྟ་བའི་གནས་ཚུལ་ཡིན་པ།

    མིག་སྔའི་བར། ཉིང་ཁྲི་གྲོང་ཁྱེར་ལ་ཤང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་54དང་སྲིད་འཛིན་གྲོང་ཚོའི་འཕྲོད་བསྟེན་ཁང་498ཡོད་པས། ཤང་དང་གྲོང་རྡལ་རེར་ཆ་སྙོམས་འཕྲོད་བསྟེན་ལག་རྩལ་པ་6.5དང་སྲིད་འཛིན་གྲོང་ཚོ་རེར་གྲོང་ཚོའི་སྨན་པ་གཉིས་རེ་ཡོད་པའི་དམིགས་ཚད་མངོན་འགྱུར་བྱུང་ཡོད། “ལོ་ལྔ་ཚན་བཅུ་གཉིས་པའི”རིང་ཉིང་ཁྲི་གྲོང་ཁྱེར་གྱིས་རིམ་རྩིས་བརྒྱབ་ན་མ་དངུལ་སྒོར་ཁྲི་2400བཏང་བ་དེ་དག་ཤང་དང་གྲོང་རྡལ་གྱི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིའི་ལས་སྒོར་སྤྱོད་པའི་ཁང་པ་དང་སྒྲིག་ཆས་སྒྲིག་སྦྱོར་སོགས་ཀྱི་རྣམ་གྲངས་95ལ་སྤྱད་པ་རེད།

    ཉེ་བའི་ལོ་ཤས་རིང་། ཉིང་ཁྲི་གྲོང་ཁྱེར་གྱི་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་མགྱོགས་མྱུར་དང་སྐྱོན་བྲལ་ངང་འཕེལ་རྒྱས་ཕྱིན་པ་དང་བསྟུན་ནས་ཉིང་ཁྲི་གྲོང་ཁྱེར་གྱི་གཞི་རིམ་གྱི་འཕྲོད་བསྟེན་དང་འཆར་བཙའི་བྱ་གཞག་ཀྱང་རྒྱུན་ཆད་མེད་པར་ཡར་རྒྱས་ཕྱིན་པ་དང་། གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་གྱི་ཆ་རྐྱེན་མུ་མཐུད་ལེགས་སུ་ཕྱིན་པ། གཞི་རིམ་གྱི་སྨན་བཅོས་ཞབས་ཞུའི་ཆུ་ཚད་སྔར་བས་མཐོ་རུ་ཕྱིན་པ། མི་རིགས་ཀྱི་སྨན་རྫས་དང་སྨན་བཅོས་རྒྱུན་འཛིན་དང་དར་སྤེལ་ཐུབ་ནས། གྲོང་ཁྱེར་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ལ“ཐག་ཉེ་སར”སྨན་བཅོས་འཕྲོད་བསྟེན་གྱི་ཞབས་འདེགས་ཞུས་པ་རེད།

    “ཐག་ཉེ་སར”སྨན་བཅོས་བྱས་ནས་སྨན་བཅོས་ཁོར་ཡུག་ལེགས་སུ་བཏང་བ།

    བྲག་ཡིབ་ཆུས་སྦེ་པ་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་གི་སྒོ་འགྲམ་དུ་གསར་འགོད་པར་ནད་ལྟ་བར་ཡོང་མཁན་ཚེ་རིང་ཐུག་བྱུང་། ཚེ་རིང་གིས་གསར་འགོད་པར“ངའི་རྐང་པ་ཐང་པོ་མེད། སྔོན་ཆད་ན་ཚ་ཚད་མེད་གཏོང་སྐབས་བྲག་ཡིབ་ཏུ་སྨན་པ་བསྟེན་པར་འགྲོ་དགོས་རྐྱེན་རླངས་འཁོར་ལ་དུས་ཚོད་རིང་པོ་སྡོད་དགོས་ཀྱི་ཡོད། ད་ཆ་ཤང་དང་གྲོང་རྡལ་གྱི་སྨན་ཁང་འཕེལ་རྒྱས་ཕྱིན་པས། བྲག་ཡིབ་ཏུ་སྨན་པ་བསྟེན་པར་འགྲོ་མི་དགོས་པར་ཐག་ཉེ་སར་སྟབས་བདེ་ལ་གང་མགྱོགས་སྨན་བཅོས་ཐུབ་ཀྱི་འདུག”ཅེས་བཤད།

    ཉིང་ཁྲི་གྲོང་ཁྱེར་འཕྲོད་བསྟེན་དང་འཆར་བཙའ་ཨུ་ལྷན་གྱི་བརྟག་ཞིབ་པ་གཞོན་པ་ཀྲའོ་ཤན་གྱིས་གསར་འགོད་པར་མིག་སྔའི་བར་ཉིང་ཁྲི་གྲོང་ཁྱེར་དུ་ཤང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་54དང་སྲིད་འཛིན་གྲོང་ཚོའི་འཕྲོད་བསྟེན་ཁང་498ཡོད་པས་ཤང་དང་གྲོང་རྡལ་རེར་ཆ་སྙོམས་འཕྲོད་བསྟེན་ལག་རྩལ་པ་6.5དང་སྲིད་འཛིན་གྲོང་ཚོ་རེར་གྲོང་ཚོའི་སྨན་པ་གཉིས་རེ་ཡོད་པའི་དམིགས་ཚད་མངོན་འགྱུར་བྱུང་ཡོད། “ལོ་ལྔ་ཚན་བཅུ་གཉིས་པའི”རིང་ཉིང་ཁྲི་གྲོང་ཁྱེར་གྱིས་རིམ་རྩིས་བརྒྱབ་ན་མ་དངུལ་སྒོར་ཁྲི་2400བཏང་བ་དེ་དག་ཤང་དང་གྲོང་རྡལ་གྱི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིའི་ལས་སྒོར་སྤྱོད་པའི་ཁང་པ་དང་སྒྲིག་ཆས་སྒྲིག་སྦྱོར་སོགས་ཀྱི་རྣམ་གྲངས་95ལ་སྤྱད་ཡོད་ཅེས་བཤད།

    “ཐག་ཉེ་སར”ཞབས་འདེགས་ཞུས་ནས་སྨན་བཅོས་ཞབས་ཞུའི་ཆུ་ཚད་མཐོ་རུ་བཏང་བ།

    མིག་སྔར། ཉིང་ཁྲི་གྲོང་ཁྱེར་གྱི་ཤང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་ལ་ཁོའོ་ཧྲི་གཞོན་པ་རིམ་པའི་སྒྲིག་གཞི་བཙུགས་པ་མ་ཟད། ཤང་དང་གྲོང་རྡལ་གྱི་འཕྲོད་བསྟེན་མི་སྣའི་འཚོ་བའི་ཁ་གསབ་རོགས་དངུལ་དོན་འཁྱོལ་བྱས་ཤིང་། གྲོང་ཚོའི་སྨན་པའི་འཚོ་བའི་ཁ་གསབ་རོགས་དངུལ་ཚད་གཞི་2002ལོའི་མི་རེར་ཟླ་རེར་ཆ་སྙོམས་སྒོར་40ནས་2017ལོའི་མི་རེར་ཟླ་རེར་ཆ་སྙོམས་སྒོར་1200བར་མཐོ་རུ་བཏང་བ་དེས་གཞི་རིམ་གྱི་སྨན་བཅོས་ལས་དོན་པའི་ལས་ཀའི་ཧུར་སེམས་ཧ་ཅང་ཆེ་རུ་ཕྱིན་ཡོད།

    ཉེ་བའི་ལོ་ཤས་རིང་། གཞི་རིམ་གྱི་སྨན་དོན་མི་སྣའི་ཞབས་ཞུའི་འཇོན་ཐང་རྒྱུན་ཆད་མེད་པར་ཆེ་རུ་གཏོང་ཆེད། ཉིང་ཁྲི་གྲོང་ཁྱེར་གྱིས་གྲོང་ཚོའི་སྨན་པའི་གསོ་སྦྱོང་འཛིན་གྲྭ་དུས་ཐེངས་7གཉེར་བར། རིམ་རྩིས་བརྒྱབ་ན་གྲོང་ཚོའི་སྨན་པ་746ལ་གསོ་སྦྱོང་བྱས་པ་དང་། 2015ལོར་རྫོང(ཆུས)7གྱི་ཤང་དང་གྲོང་རྡལ་གྱི་འཕྲོད་བསྟེན་རྐང་འཛིན་པ་50ལྷག་ཙམ་སྒྲིག་འཛུགས་བྱས་ནས་ཁྲེང་ཏུའུ་ཧྭ་ཤིས་སྨན་ཁང་དུ་གསོ་སྦྱོང་ལ་བཏང་བ། 2010ལོ་ཚུན་དུ་ལོ་ལྟར་རྫོང་དང་ཤང་གི་ཆེད་ལས་ལག་རྩལ་མི་སྣ་སྒྲིག་འཛུགས་བྱས་ཏེ་ཀོང་ཏུང་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་རིམ་པའི་སྨན་ཁང་དུ་ལས་སྒོའི་གསོ་སྦྱོང་བྱེད་པར་བཏང་ཞིང་། མིག་སྔའི་བར་མངགས་གཏོང་བྱས་པའི་ལག་རྩལ་མི་སྣ་ཁྱོན་350ལྷག་ཙམ་ཟིན་ཡོད།

    “ཐག་ཉེ་སར”སྲིད་ཇུས་སྒྲོག་འགྲེལ་བྱས་ནས་མི་སེར་ཚོར་ཕན་པ་དངོས་དེ་བས་མང་བ་ལོངས་སྤྱོད་ཐུབ་པར་བྱས་པ།

    ཉིང་ཁྲི་གྲོང་ཁྱེར་གྱི་ཞིང་འབྲོག་ཁུལ་གྱི་སྨན་བཅོས་ལམ་ལུགས་ཀྱི་ནོར་སྲིད་ཁ་གསབ་རོགས་དངུལ་དེ་ཐོག་མའི་མི་རེར་ཆ་སྙོམས་སྒོར་20ནས་2017ལོའི་མི་རེར་ཆ་སྙོམས་སྒོར་475བར་མཐོ་རུ་བཏང་བ་དང་། དེའི་སྟེང་ཞིང་འབྲོག་ཁུལ་གྱི་སྨན་བཅོས་ལམ་ལུགས་དང་། ནད་གཞི་ལྕི་རིགས་ཚོང་ལས་འགན་བཅོལ་དང་དེ་བཞིན་སྨན་བཅོས་རོགས་སྐྱོབ་ཟུང་དུ་འབྲེལ་བའི་འགན་ལེན་ལམ་ལུགས་བཟོས་པས། ཞིང་འབྲོག་པར་ལོ་ལྟར་སྨན་བཅོས་ཐད་ཁ་གསབ་མཐོ་ཤོས་ལ་སྒོར་ཁྲི་19ལོངས་སུ་སྤྱོད་རྒྱུ་བྱུང་ཡོད།

    2016ལོར། ཉིང་ཁྲི་གྲོང་ཁྱེར་དུ་ཞིང་འབྲོག་ཁུལ་གྱི་སྨན་བཅོས་ལམ་ལུགས་ཁྱབ་ཚད་100%ཟིན་པ་དང་། ལོ་ཧྲིལ་པོར་མ་དངུལ་དམིགས་སར་འབྱོར་ཚད་100%ཟིན་པ། མི་སྒེར་གྱི་མ་དངུལ་གྲབས་གསོག་བྱེད་ཚད་98.9%ཟིན་པ། ཞིང་འབྲོག་ཁུལ་གྱི་སྨན་བཅོས་ལམ་ལུགས་ལས་མི་འབོར་ཁྲི་30.12ལ་ཕན་པ་ཐོབ་ནས་ཁ་གསབ་རོགས་དངུལ་ཁྱོན་སྒོར་ཁྲི་6400ཟིན་ཡོད།

    གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་ལས་དོན་སྤེལ་ཚུལ་ཐད་ཉིང་ཁྲི་གྲོང་ཁྱེར་གྱིས་སྨན་རྫས་ཚད་གཞི་ལྡན་ལ་རིན་གོང་དམའ་པོའི་སྒོ་ནས་མང་ཚོགས་ལ་ཁེ་ཕན་བཏོད་པ་དང་། སྨན་ཁང་དུ་བསྡད་དེ་ཕྲུ་གུ་བཙའ་བའི་རིགས་ཀྱི་ཁ་གསབ་སྔོན་ཆད་མི་རེར་ཆ་སྙོམས་སྒོར་30ནས་ད་ཆའི་སྒོར་1000བར་མཐོ་རུ་བཏང་བ་དང། གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་མ་དངུལ་མི་རེར་ལོ་རེར་སྒོར་65བར་མཐོ་རུ་བཏང་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 米玛

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།