དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • ཕྲུ་གུ་དམར་འབྱར་ལ་ག་དུས་ཉ་སྣུམ་དང་འཚོ་བཅུད་ཀལ་སྟེར་དགོས་སམ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-05-10

    གལ་ཏེ་ཨ་མའི་འོ་མ་མང་པོ་ཡོད་པ་དང་རྒྱུན་དུ་ནས་ཕྲུ་གུར་ཉི་མ་སྲོས་ཚེ། ཉ་སྣུམ(འཚོ་བཅུད་Dཡོད་པ)མ་སྟེར་ནའང་ཆོག ཨ་མས་ཀྱང་ཉིན་ལྟར་འཚོ་བཅུད་Dཡོད་པའི་ཀལ་ཁ་གསབ་བྱེད་དགོས།

    གལ་ཏེ་ཕྲུ་གུར་བ་ཕྱུགས་ཀྱི་འོ་མ་སྟེར་བ་དང་། དགུན་དུས་སུ་སྐྱེས་པའི་ཕྲུ་གུར་ཉི་མ་སྲོ་རྒྱུ་མ་བྱུང་བ། ཨ་མའི་འོ་མ་འཐུང་གི་ཡོད་ནའང་ཨ་མར་འཚོ་བཅུད་མི་འདང་བ། ཕྲུ་གུའི་ཕོ་རྒྱུའི་འཇུ་ནུས་ཞན་པ་སོགས་ཀྱི་སྐབས་ཕྲུ་གུར་ཉ་སྣུམ་སྟེར་དགོས། སྤྱིར་ན་ཕྲུ་གུ་སྐྱེས་ནས་གཟའ་འཁོར་གཉིས་སོང་རྗེས་ཉ་སྣུམ་སྟེར་གྱི་ཡོད། འོ་མའི་ནང་གི་འཚོ་བཅུད་ཀལ་གྱིས་ཕྲུ་གུའི་འཚར་ལོངས་ཀྱི་དགོས་མཁོ་སྐོང་ཐུབ། ཕྲུ་གུ་འཚར་མགྱོགས་པའི་སྐབས་གཞི་ནས་འཚོ་བཅུད་ཀལ་གྱི་དགོས་མཁོ་ཆེན་པོ་ཡོད། ཡུན་རིང་གྲོད་པ་བཤལ་ནས་འཚོ་བཅུད་ཀལ་མང་པོ་ཤོར་སྐབས། གཞི་ནས་ཕྲུ་གུར་འཚོ་བཅུད་ཀལ་ཁ་གསབ་འོས་འཚམ་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།