ཟླ་5ཚེས་7ཉིན་འགོ་ཚུགས་པའི་རང་སྐྱོང་ལྗོངས་ལས་རིགས་སློབ་གསོའི་བྱེད་སྒོའི་གཟའ་འཁོར་ཐོག་ལས་རིགས་སློབ་གསོས“གཉིས་གཏོད”ལ་སྐུལ་འདེད་བཏང་བར་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད། རང་ལྗོངས་ཀྱི་སློབ་གྲྭ་ཆེ་མོ་བའི་ཚོགས་པས་གཏོད་པའི་མཁའ་འགྲུལ་ཚན་རྩལ་ཚད་ཡོད་ཀུང་སི་ཞིག་གིས་བོད་ལ་གཞི་ཚུགས་ནས་ཚད་འཇལ་རིས་འབྲིའི་བཟོ་སྐྲུན་ཞབས་ཞུ་དང་། ཁོར་ཡུག་ལྟ་ཞིབ་ཚད་ལེན། གློག་ཤུགས་སྐོར་སྐྱོད་ཞིབ་བཤེར། མྱུལ་ཞིབ་སྐོར་ཞིབ། མཁའ་ཐོག་ནས་ཡུལ་ལྗོངས་ཧྲིལ་པོ་པར་ལེན། མི་ཆོས་མྱུར་སྐྱོབ་སོགས་བཟོ་ལས་མི་མེད་གནམ་གྲུའི་ཁྲོམ་རའི་བཀོད་སྤྱོད་མཁོ་འདོན་བྱས་པས་རང་ལྗོངས་ཀྱི་ཁྱབ་ཁོངས་དེ་གའི་སྟོང་ཆ་བསྐངས་ཤིང་། འདི་ནི་སློབ་གྲྭ་ཆེ་མོ་བས་བཟོ་ལས་མི་མེད་གནམ་གྲུའི་བཀོལ་སྤྱོད་དང་ནུས་པ་སྟོན་བཞིན་པ།