དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • ལུས་སྦྱོང་འོས་འཚམ་བྱེད་པའི་དགེ་མཚན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-05-05

    “ཚེ་སྲོག་ནི་ལུས་སྦྱོང་ལ་རག་ལུས་ཡོད”ཅེས་པ་ནི་མི་རྣམས་ཀྱིས་རྒྱུན་དུ་ཤོད་པའི་ཁ་རྒྱུན་ཞིག་རེད།

    ལུས་སྦྱོང་གིས་མིའི་ལུས་ཁམས་ཀྱི་ནུས་པར་སྙོམས་སྒྲིག་དང་མིའི་ལུས་པོས་སྙིགས་དོར་བཅུད་ལེན་བྱ་རྒྱུར་ལེགས་བཅོས་ཐུབ་སྟབས་བདེ་ཐང་ལ་ཤིན་ཏུ་ཕན། དེར་བརྟེན་ཚང་མས་ཉིན་ལྟར་ལུས་སྦྱོང་འོས་འཚམ་བྱེད་རྒྱུ་ནི་དགོས་གལ་ཤིན་ཏུ་ཆེ། འོན་ཀྱང་ལུས་སྦྱོང་བྱེད་ཤུགས་ཆེ་དྲགས་ན་ལུས་པོས་མི་འཁྱོག་པ་དང་ལུས་སྦྱོང་བྱེད་ཤུགས་ཆུང་དྲགས་ན་ནུས་པ་ཐོན་མི་ཐུབ། དེས་ན་ཇི་ལྟར་བྱས་ཚེ་འོས་འཚམ་ཡིན་ནམ་ཞེ་ན། སྤྱིར་ན་ལུས་སྦྱོང་བྱས་རྗེས་སྙིང་གཡུག་ཚད(སྐར་མ་རེའི་ནང་གི་སྙིང་གཡུག་ཐེངས)ཀྱི་ཐོག་རང་ཉིད་ཀྱི་ལོ་གྲངས་བསྣན་ཚེ“170”སླེབས་ན་ཅུང་འཚམ་པོ་ཡོད། དེའང་ངེས་པར་དུ་མི་སོ་སོའི་གཟུགས་པོའི་དངོས་ཡོད་གནས་ཚུལ་ལ་གཞིགས་དགོས། དཔེར་ན། རྒྱུན་གཏན་གཟུགས་གཞི་ཐང་པོ་ཡོད་པའི་མི་སྣས་ལུས་སྦྱོང་བྱེད་སྐབས་འགུལ་ཚད་ཤུགས་ཆེ་ཙམ་བྱེད་དགོས་པ་དང་། གཟུགས་གཞི་ཐང་པོ་དེ་ཙམ་མེད་པས་ངེས་པར་དུ་རང་རང་སོ་སོའི་གཟུགས་པོའི་གནས་སྟངས་ལ་གཞིགས་ཏེ་ལུས་སྦྱོང་བྱེད་སྐབས་འགུལ་ཚད་ཤུགས་ཆུང་ཙམ་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 米玛

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།