ཟླ་4ཚེས་29ཉིན“ལྔ་གཅིག”ངལ་གསོའི་ཉིན་དང་པོར་བོད་ལྗོངས་ཚོང་འཕྲིན་གྱིས“ཚོང་འཕྲིན་བྱེས་བསྐྱོད”ཅེས་པའི་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་བ་དང་ཚོང་འཕྲིན་བྱེས་བསྐྱོད་དང་ཨ་ལི་པ་པ་ཉིན་ལྟར་གྱི་དྲང་ནུས་ཀྱིས་མཉམ་དུ“རྐང་ཐང་མར་སྤྱི་ཕན་བྱ་བ་བསྒྲུབ”པའི་བྱེད་སྒོ་སྤེལ་བ་དང་དང་བླངས་པས་ཉིན་དེ་རང་དུ་སྤྱི་ལེ་13འགྲུལ་བཞུད་བྱས་པའི་ཞལ་འདེབས་དངུལ་སྤྱི་ཕན་གྱི་གཅེས་སེམས་དངུལ་དུ་བརྩིས་ནས་ཞལ་འདེབས་བརྒྱབ་ཡོད། (དང་བླངས་པས་སྤྱི་ལེ་གཅིག་བསྐྱོད་ན་སྒོར་10སྤྲོད་ཀྱི་ཡོད)ད་ཐེངས་བྱེད་སྒོར་ཁྱོན་སྤྱི་ཕན་གཅེས་སེམས་དངུལ་སྒོར་ཁྲི་2རག་པ་ཚང་མ་བོད་ཀྱི་ཐག་རིང་གྲོང་གསེབ་ཀྱི་སློབ་ཆུང་ལ་ཞལ་འདེབས་བརྒྱབ་ཅིང་། འདི་ནི་ལྷ་ས་གྲོང་ཁྱེར་གྱི་རྒྱ་ཆེའི་རྐང་ཐང་མར་བསྐྱོད་རྒྱུར་དགའ་མཁན་རྣམས་མཉམ་དུ་པར་བརྒྱབ་པའི་གནས་ཚུལ་ཡིན་པ།