དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • བོད་ཀྱི་རྒྱལ་ཁབ་རིམ་པའི་གནམ་གཤིས་ས་ཚིགས་ཀྱིས་ཆར་ཆུ་འབབ་ཚུལ་རང་འགུལ་ལྟ་ཞིབ་ཚད་ལེན་ཐུབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  次仁曲珍   |     སྤེལ་དུས།  2017-04-29

    ཉིན་ཤས་གོང་གསར་འགོད་པར་རང་སྐྱོང་ལྗོངས་གནམ་གཤིས་ལས་ཁུངས་ནས་ཤེས་རྟོགས་བྱུང་བར། ལས་ཁུངས་དེས་ཁོངས་གཏོགས་ཀྱི་རྒྱལ་ཁབ་རིམ་པའི་གནམ་གཤིས་ས་ཚིགས་39ལ་DSG5རྣམ་པའི་ཆར་ཆུ་འབབ་ཚུལ་ལྟ་ཞིབ་ཚད་ལེན་སྒྲིག་ཆས་སྒྲིག་སྦྱོར་དང་སྙོམས་སྒྲིག་གི་ཚོད་ལྟའི་ལས་དོན་ལེགས་པར་བསྒྲུབས་ཡོད། དེར་བརྟེན་རང་ལྗོངས་ཀྱི་གནམ་གཤིས་སྡེ་ཚན་གྱིས་ཆར་པ་དང་། གངས། སེར་བ་སོགས་འབབ་ཚུལ་རང་འགུལ་ལྟ་ཞིབ་ཚད་ལེན་བྱུང་བ་དང་། གནམ་གཤིས་ལྟ་ཞིབ་ཚད་ལེན་རང་འགུལ་ཅན་དུ་འགྱུར་ཚད་སྔར་བས་མཐོ་རུ་ཕྱིན་པ། གེགས་བར་རང་བཞིན་གྱི་གནམ་གཤིས་ལྟ་ཞིབ་ཚད་ལེན་དང་སྔོན་བརྡའི་ནུས་པ་སྔར་བས་ཆེ་རུ་ཕྱིན་ཡོད།

    ད་རེས་དེང་རབས་ཀྱི་སྐུལ་འོད་ལག་རྩལ་གྱི་འོད་རིག་ཚད་ལེན་མ་ལག་སྤྱད་པའི་ཆར་ཆུ་འབབ་ཚུལ་ལྟ་ཞིབ་ཚད་ལེན་ཡོ་བྱད་སྒྲིག་སྦྱོར་བྱས་པ་དེས་ཆར་པ་དང་། གངས། སེར་བ་སོགས་ཀྱི་གནམ་གཤིས་སྟོན་ཚུལ་རང་འགུལ་ངང་ལྟ་ཞིབ་ཚད་ལེན་དང་དབྱེ་འབྱེད་ཐུབ་པ་དང་ཆར་ཆུ་འབབ་ཚུལ་གནམ་གཤིས་ལ་མ་བལྟོས་པར་བསྟུད་མར་ལྟ་ཞིབ་ཚད་ལེན་ཐུབ་ནས་ལྟ་ཞིབ་ཚད་ལེན་ཡིག་རིགས་ཀྱི་རྒྱུན་མཐུད་རང་བཞིན་དང་གནད་འཁེལ་རང་བཞིན་ཆེ་རུ་ནུས་ལྡན་འགྲོ་རྒྱུ་དང་དེ་བཞིན་གནམ་གཤིས་སྔོན་བརྡ་གཏོང་རྒྱུ་དང་། གནམ་གཤིས་སྔོན་དཔག་བྱ་རྒྱུ། མི་ཐབས་ལ་བརྟེན་ནས་གནམ་གཤིས་ལ་འགྱུར་བ་གཏོང་རྒྱུ། གནམ་གཤིས་ཀྱི་ཞབས་འདེགས་ཞུ་རྒྱུ་བཅས་ལ་རིན་ཐང་ལྡན་པའི་གནམ་གཤིས་ཆ་འཕྲིན་དང་ལྟ་ཞིབ་ཚད་ལེན་ཐོན་རྫས་དེ་བས་མང་པོ་མཁོ་འདོན་ཡོང་རྒྱུ་རེད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།