1. ཉ་ཤའི་རིགས་གྲང་ཉར་བྱེད་པའི་དྲོད་ཚད་འཚམ་ཤོས་ནི་ཀླད་ཀོར་འོག་གི་ཏུའུ་3དང་།
2. ཤ་རིགས་གཞན་དྲོད་ཚད་ཏུའུ་2ནས་5ནང་ཚུན་དུ་གྲང་ཉར་བྱས་ན་གཟའ་འཁོར་གཅིག་ཙམ་ཉར་ཚགས་བྱེད་ཐུབ།
3. འོ་མ་སོས་པ་གྲང་ཉར་བྱེད་པའི་དྲོད་ཚད་འཚམ་ཤོས་ནི་ཀླད་ཀོར་འོག་གི་ཏུའུ་3
4. འབྲུ་རིགས་ཉར་ཚགས་བྱེད་པའི་དྲོད་ཚད་འཚམ་ཤོས་ནི་ཀླད་ཀོར་འོག་གི་ཏུའུ་5ནས་8བར་ཡིན། དེ་ལྟར་འཇོག་ན་འབྲུ་རིགས་ལ་འབུ་དང་ཧམ་སྤུའི་རིགས་རྒྱག་མི་སྲིད།
5. སྒོ་ང་ཉར་ཚགས་བྱེད་པའི་དྲོད་ཚད་འཚམ་ཤོས་ནི་ཏུའུ་15གཡས་གཡོན་ཡིན། དྲོད་ཚད་དེའི་ནང་སྒོ་ང་རུལ་མི་སྲིད།
6. ཞོག་ཁོག་རིགས་ཉར་ཚགས་བྱེད་པའི་དྲོད་ཚད་འཚམ་ཤོས་ནི་ཏུའུ་2ནས་4བར་ཡིན། གལ་ཏེ་ཞོག་ཁོག་རིགས་དྲོད་ཚད་མཐོ་པོའི་ནང་འཇོག་ན་མཆེ་བ་སྐྱེས་པའམ་མདོག་སྔོན་པོ་ཆགས་སྲིད།