གཅིག གཟའ་འཁོར་འདིའི་གནམ་གཤིས་སྔོན་བརྡ(ཟླ་4ཚེས་24ཉིན་ནས་ཟླ་4ཚེས་30ཉིན་བར)
གཟའ་ཟླ་བ་དང་མིག་དམར་ལ་ནག་ཆུའི་དབུས་རྒྱུད་དང་ཆབ་མདོའི་བྱང་རྒྱུད་དུ་ཆར་པ(གངས)ཆུང་བ་འབབ་རྒྱུ་དང་ས་ཆ་ཁག་གཅིག་ལ་ཆར་པ(གངས)འབྲིང་བ་འབབ་རྒྱུ་དང་། ཉིང་ཁྲི་དང་། ལྷོ་ཁའི་ལྷོ་རྒྱུད། གཙང་པོའི་རྒྱུད་ཀྱི་དབུས་ཤར་དུམ་བུ་བཅས་སུ་ཆར་པ(གངས)ཆུང་བ་འབབ་རྒྱུ། ས་ཁུལ་གཞན་དག་ལ་སྤྲིན་པ་ཉུང་ཙམ་འཁོར་རྒྱུ། གཟའ་ལྷག་པ་ནས་པ་སངས་བར་ཉིང་ཁྲི་དང་། ཆབ་མདོ། ལྷོ་ཁའི་ལྷོ་རྒྱུད། ནག་ཆུའི་དབུས་ཤར་རྒྱུད་བཅས་སུ་ཆར་པ(གངས)ཆུང་བ་ནས་འབྲིང་བའི་བར་འབབ་རྒྱུ་དང་མེ་ཏོག་ནས་རྫ་ཡུལ་རྒྱུད་དུ་ཆར་པ་ཆེན་པོ་འབབ་རྒྱུ། གཙང་པོའི་རྒྱུད་དུ་སྤྲིན་པ་མང་པོ་འཁོར་ནས་ཆར་པ(གངས)ཆུང་བ་འབབ་རྒྱུ། ས་ཁུལ་གཞན་དག་ལ་སྤྲིན་པ་མང་པོ་འཁོར་རྒྱུ། གཟའ་སྤེན་པ་དང་ཉི་མར་ཉིང་ཁྲི་དང་ཆབ་མདོའི་ལྷོ་རྒྱུད་དུ་ཆར་པ(གངས)ཆུང་བ་འབབ་རྒྱུ་དང་ས་ཆ་ཁག་གཅིག་ལ་ཆར་པ(གངས)འབྲིང་བ་འབབ་རྒྱུ། གཙང་པོའི་རྒྱུད་དུ་སྤྲིན་པ་མང་པོ་འཁོར་ནས་ཆར་པ(གངས)ཆུང་བ་འབབ་རྒྱུ། ས་ཁུལ་གཞན་དག་ལ་སྤྲིན་པ་ཉུང་ཙམ་འཁོར་རྒྱུ། གཟའ་འཁོར་འདིའི་ནང་བོད་བྱང་ཐང་རྒྱུད་དང་གཞིས་རྩེའི་ལྷོ་ནུབ་རྒྱུད་ཀྱི་ས་ཆ་ཁག་གཅིག་ལ་ལྷགས་པ་ཆེ་བ་རིམ་པ་7ཙམ་རྒྱག་རྒྱུ།
གཉིས། གྲོས་འགོ
1.གཟའ་འཁོར་འདིའི་ནང་རང་ལྗོངས་ཀྱི་ཤར་ལྷོའི་རྒྱུད་དུ་མུ་མཐུད་ཆར་པ་འབབ་རྒྱུ་ཡིན་པས་རི་ཉིལ་བ་དང་འདམ་རྡོའི་ཆུ་རུད་སོགས་ས་གཤིས་ཀྱི་གནོད་འཚེར་དོགས་ཟོན་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས་པ་དང་།
2.ཤར་ལྷོའི་རྒྱུད་ཀྱི་ས་བབ་མཐོ་བའི་ས་ཁུལ་དུ་སྔར་བཞིན་གངས་གསོག་ཐེབས་ཡོད་པས་རི་སྟེང་གི་གངས་བབས་ཚུལ་ལ་ལྟ་ཞིབ་ཚད་ལེན་དང་སྐོར་ཞིབ་བྱ་རྒྱུར་དོ་སྣང་བྱེད་པ་དང་གངས་ཉིལ་བ་སོགས་ཞོར་ཐོན་གནོད་འཚེ་ཐོན་རྒྱུར་དོགས་ཟོན་བྱེད་དགོས་པ།