དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • སྨན་བཅོས་ཀྱི་ནུས་པ་ཐོན་པའི་བཟའ་བཅའ་ཁག་གཅིག

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-04-19

    བ་དམ།

    བ་དམ་ནང་ཨའར་ཁྲ་སུ་ཞེས་པའི་རྒྱུ་མང་པོ་ཞིག་འདུས་ཡོད་པ་དེར་ཐུན་མོང་མ་ཡིན་པའི་རྒས་པ་འགོག་པའི་ནུས་པ་ཆེན་པོ་ལྡན་ཡོད། རྟག་ཏུ་བ་དམ་མམ་དེས་བཟོས་པའི་ཟས་སྣུམ་སྤྱོད་ན་དྲན་ཤེས་བརྟན་པོ་ཆགས་པ་དང་།  ཀླད་ཆེན་གྱི་ནུས་པ་གསོ་ཐུབ།  

    སྟར་ཁ།  

    སྟར་ཁའི་ནང་རིགས་སྣ་ཚོགས་ཀྱི་འཚོ་རྒྱུ་ཕུན་སུམ་ཚོགས་པོ་འདུས་ཡོད་པ་མ་ཟད་ལིན་དང་ལྕགས།  ཏི་ཚ་སོགས་ཀྱི་གཞི་རྒྱུ་འདུས་ཚད་ཀྱང་མཐོ་བས་མགོ་ཡུར་འཁོར་བ་དང་།  གཉིད་ཁུག་པ།  སྙིང་འཕར་ཤུགས་ཆེ་བ་སོགས་བཅོས་ནུས་ཆེའོ།  

    ལ་ཕུག

    ལ་ཕུག་ནང་གི་ཤིང་རྒྱུས་སྲིན་ལེན་ཕྲ་ཕུང་གི་གསོན་ཤུགས་ཆེ་རུ་གཏོང་བས་མིའི་ལུས་པོའི་ནང་གི་འབྲས་སྐྲན་གྱི་ཕྲ་ཕུང་རིགས་རྩ་མེད་བཟོ་བའི་ནུས་པ་ཆེ་རུ་འགྲོ་གི་ཡོད། དེ་དང་ཆབས་ཅིག་ནད་འགོག་ནུས་པ་དང་རྒས་པ་སྔོན་འགོག་གི་ནུས་པའང་ཆེ་རུ་གཏོང་གི་ཡོད།  ལྷག་པར་དུ་ལ་ཕུག་དཀར་པོའི་ནང་གཞི་རྒྱུ་དེ་འདུས་ཚད་དེ་ལས་མཐོ་བ་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། 索朗多拉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།