དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • གཞིས་རྩེ་གྲོང་ཁྱེར་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཏང་ཡོན་གྱི་དང་བླངས་ཞབས་ཞུའི་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-04-14

    ཉེ་ཆར་གཞིས་རྩེ་གྲོང་ཁྱེར་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཏང་ཡོན་ལས་བྱེད་པ་ཡོངས་དང་། ཏང་ཞུགས་ཧུར་བརྩོན་ཅན། ལས་བྱེད་ལས་བཟོ་གཞན་དག་བཅས་སྒྲིག་འཛུགས་བྱས་ནས“བུད་མེད་ཀྱི་སེམས་པ་ཏང་ལ་ཕྱོགས·བུད་མེད་ཀྱི་ཡ་རབས་བྱ་སྤྱོད་སྟེ། གྲོང་ཁྱེར་ལ་གཙང་སྦྲ་བྱེད་པའི”བྱེད་སྒོ་སྤེལ་བ་རེད།

    གཙང་སྦྲའི་བྱེད་སྒོའི་ནང་ཞུགས་མཁན་ཏང་ཡོན་ལས་བྱེད་པ་དང་ལས་བཟོ་ཡོངས་ཀྱིས་ཞོགས་པ་སྔ་པོ་ནས་འཕྲོད་བསྟེན་འགན་ཁུར་ས་ཁོངས་སུ་ཡོང་སྟེ་གཙང་སྦྲ་བྱས་པ་མ་ཟད། ཁྲོམ་གཞུང་གི་ཚོང་ཁང་ལ་གད་སྙིགས་གང་བྱུང་དུ་དབྱུག་རྒྱུ་མེད་པའི་དྲན་སྐུལ་ཡང་བྱས་པ་རེད།

    གཞིས་རྩེ་གྲོང་ཁྱེར་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་དོན་མི་སྣས་གསར་འགོད་པར“ང་ཚོས་ཏང་ཡོན་ལས་བྱེད་པའི་སྣེ་ཁྲིད་ཀྱི་ནུས་པ་མུ་མཐུད་འདོན་སྤེལ་བྱས་ཏེ་ལས་དོན་ཡག་པོ་སྒྲུབ་པ་དང《ཏང་གི་སྒྲིག་ཡིག》དང‘སློབ་སྦྱོང་གཉིས་དང་ཚད་ལོན་གཅིག’གི་སློབ་སྦྱོང་སློབ་གསོའི་བླང་བྱ་གཞིར་བཟུང་སློབ་སྦྱོང་དང་ལག་ལེན་ཟུང་འབྲེལ་དམ་ཟབ་བྱ་རྒྱུར་མུ་མཐུད་དམ་འཛིན་བྱས་ཏེ་ལག་ལེན་དངོས་ལ་བརྟེན་ནས་སྣེ་ཁྲིད་པ་དང་དཔེ་སྟོན་སྣེ་ཁྲིད་སོགས་ཀྱི་བྱ་ཐབས་མུ་མཐུད་སྤེལ་ནས‘བུད་མེད་ཀྱི་སེམས་པ་ཏང་ལ་ཕྱོགས་·བུད་མེད་ཀྱི་བྱ་སྤྱོད་ཆེན་པོ་དྲུག’མུ་མཐུད་ཡག་པོ་སྤེལ་རྒྱུ་ཡིན”ཞེས་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗多拉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།