དཔྱིད་དཔལ་རབ་ཏུ་བཞད་ནས་གང་སར་སྐྱེ་སྟོབས་རབ་ཏུ་རྒྱས། ཉེ་ཆར་ལྷུན་གྲུབ་རྫོང་ནགས་ལས་ཅུས་ཀྱིས་རྫོང་ཐད་གཏོཌ་ལས་ཁུངས་ཀྱི་ལས་བྱེད་པ་དང་། དྲག་ཆས་ཉེན་རྟོག་དཔོན་དམག མེ་ཟོན་མེ་གསོད་འཐབ་འཛིང་པ། སློབ་གྲྭའི་དགེ་སློབ་བཅས་སྒྲིག་འཛུགས་བྱས་ནས་འོས་འགན་ཤིང་འཛུགས་བྱེད་སྒོ་སྤེལ་ནས། རྫོང་ཡོངས་སུ་དཔྱིད་དུས་འོས་འགན་ཤིང་འཛུགས་བྱེད་པའི་ཚ་རླབས་ཤིག་འཕྱུར་བ་རེད།
བྱེད་སྒོ་སྤེལ་ཡུལ་དུ་རྫོང་དེའི་རྒྱ་ཆེའི་ལས་བྱེད་ལས་བཟོ་ཚོས་ལྕགས་ཁྱེམ་དང་ཆུ་སྣོད་སོགས་ཁྱེར་ནས་ཆོས་སྡེ་སྒང་ལམ་དང་། ལྷུན་གྲུབ་ལམ་ཆེན། དགའ་ལྡན་ཆོས་འཁོར་ལམ། བཅིངས་འགྲོལ་ལམ་ཉེན་རྟོག་ཞབས་ཞུའི་ས་ཚིགས་སོགས་སུ་བསྐྱོད་ནས་ས་རྐོ་བ་དང་། ས་དོང་དྲུས་ནས་སྡོང་ཕྲུག་འཛུགས་པ། ཤིང་སོན་ལ་ཆུ་བཏོང་བ་བཅས་རང་ཉིད་ཀྱི་ངལ་རྩོལ་ལ་བརྟེན་ནས་ལྷུན་གྲུབ་སྔོ་ལྗང་ཅན་དུ་འགྱུར་རྒྱུར་ལེགས་སྐྱེས་ཕུལ་བ་རེད།