ལུས་ཁམས་འཕྲོད་སྦྱོར།
ལྟ་བ་བཞི་ནི།
1.སྦི་ཐུམ་ལ་ལྟ་བ།
རྒྱུ་སྤུས་ཞན་པའི་སྦི་རག་གི་ཕྱི་ཐུམ་གྱི་རྒྱུ་ཆ་རྩུབ་ཤས་ཆེ་བ་དང་པར་འདེབས་ཀྱི་སྤུས་ཚད་ཞན་པས་འཛད་སྤྱོད་པས་ཞིབ་ཚགས་ངང་དབྱེ་དཔྱད་བྱ་དགོས།
2.མཚོན་རྟགས་ལ་ལྟ་བ།
རང་རྒྱལ་ནས་ཐོན་པའི་སྦི་རག་གི་ཤེལ་བུམ་མམ་ལྕགས་ཀྲིན་ངོས་ལ་རྒྱ་ཡིག་ལས་གྲུབ་པའི་མཚོན་རྟགས་ཤོག་བྱང་སྦྱར་ཡོད་པས་ཚོང་རྟགས་དེ་རྣམས་རྒྱལ་ཁབ་ཀྱིས་བཙན་སྐུལ་རང་བཞིན་གྱི་ཚོང་རྟགས་ཡིན་མིན་ཞིབ་པར་བལྟ་དགོས།
3.དཔང་ཡིག་ལ་ལྟ་བ།
ནང་འདྲེན་བྱས་པའི་སྦི་རག་ཡིན་ཕྱིན་འགག་སྒོའི་ནད་ཡམས་བརྟག་དཔྱད་ཚད་ལེན་བྱས་པའི་ཕྱིར་གཏོང་ནང་འདྲེན་བཟའ་བཅའི་ཚོང་རྟགས་ཞིབ་བཤེར་དཔྱད་ལེན་དཔང་ཡིག་དང་བཟའ་བཅའི་འཕྲོད་བསྟེན་དཔང་ཡིག་ཡོད་མེད་ལ་ཞིབ་ཚགས་ཀྱིས་བལྟ་དགོས།
4.སྦི་རག་གི་ཕྱི་དབྱིབས་ལ་ལྟ་བ།
སྦི་རག་ཤེལ་དམ་གྱི་ཕྱི་དབྱིབས་ནས་ནང་ངོས་སུ་ཉོག་སྙིགས་དང་དངོས་པོ་གཞན་ཡོད་མེད་བལྟ་དགོས།
སྣོམ་པ་གཅིག་ནི།
སྤུས་ལེགས་སྦི་རག་ལ་མངོན་གསལ་དོད་པའི་གྲོ་མྱུག་གི་དྲི་ཞིམ་དང་སྦི་རག་མེ་ཏོག་གི་དྲི་ཞིམ་ལྡན་པས། གལ་ཏེ་སྦི་རག་ཁ་ཕྱེ་ནས་དྲི་མ་སྣོམ་སྐབས་སྐྱུར་དྲིའམ་དྲི་མ་གཞན་བྲོ་ན་དེ་ནི་སྦི་རག་སྤུས་ཞན་ནམ་དུས་ཚོད་ཡོལ་བའི་སྦི་རག་ཡིན་པས་འཐུང་མི་ཉན།