དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • ཉེ་རིང་མེད་པར་ཟོལ་མེད་བརྩེ་སེམས་བཅངས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-04-11

    “གལ་ཏེ་ཁྱེད་ལ་བེད་སྤྱོད་མེད་ན་དེ་གར་འཇོག་རོགས། གལ་ཏེ་ཁྱེད་ལ་མཁོ་ན་ཁུར་རོགས”ཞེས་པའི་སྐད་ཆ་དུམ་བུ་དེས་གྲང་ངར་ཆེ་བའི་དགུན་དུས་སུ་མི་མང་པོ་ཞིག་ལ་དྲོ་སྐྱིད་སྦྱིན།

    ངང་སེར་མདོག་གི་སོ་ཕག་གྱང་དེ་རི་མོ་སྣ་ཚོགས་ཀྱིས་བརྒྱན་ཞིང་། གཡུ་མདོག་ཅན་གྱི“སྡོང་ཆེན”ཐོག་དངོས་རྫས་འདྲ་མིན་སྣ་ཚོགས་བཀལ་འདུག སྟེང་ཆེན་རྫོང་གི་རྫོང་གྲོང་གི་རྒྱ་མོ་ཐང་ནུབ་ལམ་དུ“གཅེས་སེམས་མཚོན་པའི་གྱང”དེ་འདྲ་ཞིག་ཡོད།

    རྒྱ་མོ་ཐང་ནུབ་ལམ་གྱི་ཉེ་འཁོར་དུ་སྡོད་མཁན་སྐུ་ཞབས་ཀྲོའུ་ཧྲུའུ་མིན་གྱིས་གྱང་དེར་སྔ་ས་ནས་དོ་སྣང་བྱུང་ཡོད། གཟའ་མཇུག་གི་ཞོགས་པ་སྔ་པོ་ནས་ཁོང་གིས་གྱོན་ཆས་རྣམས་གྲལ་འགྲིག་པོས“གཅེས་སེམས་མཚོན་པའི་གྱང”ཐོག་བཀལ། “བལ་རྒྱུའི་གྱོན་ཆས་དེ་དག་ནང་མི་ཚོས་གྱོན་གྱི་མེད་རུང་སྤུས་ཚད་ཡག་པོ་ཡོད། ཁ་ས་ངས་གཙང་མ་བཀྲུས་པ་ཡིན། ད་ལྟ་གྱོན་ཆས་དེ་དག་སྐྱེལ་བར་ཡོང་བ་ཡིན”ཞེས་ཀྲོའུ་ཧྲུའུ་མིན་གྱིས་བརྗོད། གྱོན་ཆས་གྲལ་འགྲིག་པོས་བཀྲམ་རྗེས་ཁོང་དེ་ནས་བྲལ།

    “གཅེས་སེམས་མཚོན་པའི་གྱང”སྟེང་དུ་ད་དུང་དགུན་ལྷམ་དང་། དཔེ་དེབ། སློབ་ཆས་ལ་སོགས་མང་པོ་བཀལ་ཡོད།

    ཡུད་ཙམ་མ་སོང་བར་བུ་མོ་ཆུང་ཆུང་ཞིག“གཅེས་སེམས་མཚོན་པའི་གྱང”གི་འགྲམ་དུ་ཡོང་ཞིང་། གྱང་ལ་ཞིབ་པར་བལྟས་རྗེས་གོམ་གང་སྤོས་ནས་དེར་བཀལ་བའི《ཁུང་འབྲུག་རིགས་གཅིག་མཁས་པ》ཞེས་པའི་བྱིས་པའི་དཔེ་དེབ་ཅིག་བླངས་པ་དང་དེ་ནས་སྡོད་ས་ཞིག་བཙལ་ཏེ་དཔེ་དེབ་ནན་གྱིས་ལྟ་ཀློག་བྱེད་འགོ་བརྩམས།

    ཁོར་ཡུག་གཙང་སྦྲ་བ་སྐལ་བཟང་གིས“གཅེས་སེམས་མཚོན་པའི་གྱང”སྟེང་ནས་བལ་རྒྱུའི་སྟོད་གོས་ཞིག་བླངས། ཁོ་མོས“གྱང་སྟེང་དུ་བཀལ་བའི་དངོས་རྫས་གང་ཞིག་ཡིན་རུང་རང་ལ་མཁོ་བ་དེ་ནས་བླངས་ན་འགྲིག་པ་གོ་ཐོས་བྱུང་། ཕྱིས་སུ་རང་ལ་མཁོ་བའི་རིགས་མཐོང་ན་དེ་ནས་བླངས་ན་འགྲིག་གི་འདུག”ཅེས་བཤད་བྱུང་། འཚོ་བ་དངོས་ནང་སྐལ་བཟང་དང་འདྲ་བའི་མི་མང་པོ་ཡོད་ཅིང་། ལྟོ་གོས་འབྲིང་ཙམ་ལས་མེད་པའི་ཁོང་ཚོར་མཚོན་ན། ལག་དངུལ་གྲོན་ཆུང་བྱ་ཆེད་རང་ལ་གྱོན་ཆས་གསར་པ་ཉོ་ཕོད་ཀྱི་མེད། “གཅེས་སེམས་མཚོན་པའི་གྱང”དེ་ཡོད་པ་ནས་བཟུང་ཁོང་ཚོར་ཕན་པ་མི་ཉུང་བ་ཐོབ་ནས་ལུས་སེམས་གཉིས་ཀ་དྲོ་སོབ་སོབ་ཏུ་གྱུར།

    “གཅེས་སེམས་མཚོན་པའི་གྱང”ནི་གུང་གཞོན་སྡེ་ཚོགས་སྟེང་ཆེན་རྫོང་ཨུད་ཀྱིས་ཇུས་འགོད་ཞིབ་ཚགས་བྱས་པའི་སྤྱི་ཕན་བྱེད་སྒོ་ཞིག་རེད། སྡེ་ཚོགས་ཨུ་ལྷན་གྱི་ལས་དོན་པ་ཡོངས་དང་ནུབ་རྒྱུད་འཆར་གཞིའི་དང་བླངས་པས་གཅེས་སེམས་མཚོན་པའི་གྱང་སྐྲུན་པའི་ནང་ཧུར་ཐག་ཞུགས་ཡོད། གྱང་དེའི་ཕྱོགས་གཅིག་སྤྱི་ཕན་མི་སྣའི་གཅེས་སེམས་དང་འབྲེལ་བ་དང་ཕྱོགས་གཞན་ཞིག་དཀའ་ངལ་ཡོད་པའི་མང་ཚོགས་དང་འབྲེལ་ཡོད། གཅེས་སེམས་མཚོན་པའི་གྱང་དེ་བརྒྱུད། མི་ལ་ལར་དགུན་ཆས་རག་པ་དང་ལ་ལའི་གཞན་ལ་རོགས་རམ་གྱི་སྤྲོ་སྣང་འཕེལ་ཡོད”ཅེས་གུང་གཞོན་སྡེ་ཚོགས་སྟེང་ཆེན་རྫོང་ཨུད་ཀྱི་འགན་འཁུར་བ་བློ་གྲོས་རྒྱལ་མཚན་གྱིས་གསར་འགོད་པར་བཤད་བྱུང་།

    འགན་འཁུར་རྩོམ་སྒྲིག་པ། 索朗多拉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།