ལུས་ཁམས་འཕྲོད་སྦྱོར།
1 རྟག་ཏུ་མཚན་ལྟོ་བཟས་ན་ཕོ་བའི་ངན་སྐྲན་ནད་ཕོག་གི་ཡོད། གང་ལགས་ཤེ་ན། ཕོ་བར་ངལ་གསོ་མེད་པས་ཡིན།
2 གཟའ་འཁོར་གཅིག་ནང་སྒོ་ང་བཞི་ལས་ལྷག་བཟའ་རྒྱུ་མེད། མང་དྲགས་ན་གཟུགས་པོར་གནོད་པ་ཡོད།
3 ཁ་ལག་རྗེས་ལམ་སེང་ཤིང་ཏོག་བཟའ་བ་དེ་ནོར་འཁྲུལ་གྱི་ལྟ་བ་ཞིག་ཡིན་པས། ཁ་ལག་མ་བཟས་གོང་ནས་ཤིང་ཏོག་བཟའ་དགོས།
4 སྲན་ཁུའི་ནང་སྒོ་ང་དང་བྱེ་མ་ཀ་ར་བླུགས་རྒྱུ་མེད་ལ་སྲན་ཁུ་འཐུང་དྲགས་རྒྱུ་མེད།
5 གྲོད་པ་སྟོང་པར་ཀྲོ་་མ་ཀྲུ་བཟའ་རྒྱུ་མེད། རབ་བྱུང་ན་ཁ་ལག་བཟས་རྗེས་བསྟེན་ན་ལེགས།
6 ཞོགས་པ་ཡར་ལངས་རྗེས་སྔོན་ལ་ཆུ་ཁོལ་གྷི་ལ་སི་གང་བཏུངས་ན་རྡེའུ་སྐྲན་ཆགས་པ་སྔོན་འགོག་བྱེད་ཐུབ།
7 མ་ཉལ་གོང་གི་ཆུ་ཚོད་གསུམ་ནང་ཚུན་དུ་ཟས་རིགས་བཟའ་རྒྱུ་མེད། བཟས་ན་རྒྱགས་པ་ཆགས་སླ་པོ་ཡོད།
8 བག་སླང་ནང་བཟོས་མ་ཐག་པའི་བག་ལེབ་རིགས་ལམ་སེང་བཟས་ན་ཡག་པོ་མེད།
9 ཉིན་གཅིག་གི་ནང་ཀོག་ཧྥེ་དཀར་ཡོལ་གཉིས་ཡན་ལས་བཏུངས་རྒྱུ་མེད། མང་དྲགས་ན་གཉིད་མི་ཁུག་པ་དང་ཕོ་བར་ན་ཟུག་གཏོང་བ་སོགས་བྱེད་ཀྱི་ཡོད།
10 ཞག་ཚི་ཆེ་བའི་ཟས་རིགས་ཉུང་ཙམ་བསྟེན་དགོས། གང་ལགས་ཤེ་ན། ཟས་དེ་རིགས་ཆུ་ཚོད་5ནས་7སོང་མཚམས་སུ་གཞི་ནས་ཕོ་བའི་ནང་འཇུ་ཐུབ་ཀྱི་ཡོད་པས། དེས་ཀླད་པའི་ཁྲག་རྒྱུན་ཕོ་བའི་ནང་བསྡུ་རུབ་བྱས་ཏེ་མགོ་ཡུར་འཁོར་བ་དང་། གཉིད་ཅོག་རྒྱག་པ་སོགས་བྱས་ནས་བདེ་ཐང་ལ་གནོད་ཀྱི་ཡོད།
11 གཉིད་འདང་ངེས་མ་ཁུག་ན་ཤེས་པ་རྟུལ་དུ་འགྲོ་གི་ཡོད། ཉིན་གཅིག་ལ་གཉིད་ཆུ་ཚོད་བརྒྱད་ངེས་པར་ཉལ་དགོས། ཉིན་དགུང་གཉིད་ཉལ་བའི་གོམས་གཤིས་ཡོད་ན་རྒས་རྒྱུར་སྔོན་འགོག་ཐུབ།
12 གཉིད་ཉལ་བའི་དུས་ཚོད་ཡག་ཤོས་ནི་དགོང་མོའི་ཆུ་ཚོད་10པ་ནས་ཞོགས་པའི་ཆུ་ཚོད་6པ་བར་ཡིན་པ་རེད།