དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • སྐྱེས་མ་ཐག་གི་ཕྲུ་གུའི་རིག་ནུས་དང་ལུས་སྟོབས་འཕེལ་ བའི་གཞི་རྩའི་ཆོས་ཉིད་དེ་ལྟར་རེད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-04-07

    སྐྱེས་མ་ཐག་ནས་ཟླ་བ་6བར།

    (1)མགོ་བོ་ཕྱེད་ཙམ་འདེགས་ཐུབ་པ། མགོ་བོ་རྦད་དེ་འདེགས་ཐུབ་པ། བྲང་ཁོག་འདེགས་ཐུབ་པ།

    (2)ཀེར་རེར་པང་ཁར་ཉར་ཐུབ་པ།

    (3)གན་རྐྱལ་དུ་ཉལ་བ་ནས་སག་ལ་ཉལ་བ་དང་། གན་རྐྱལ་དུ་ཉལ་བ་ནས་ཁ་སྦུབ་སློག་ནས་ཉལ་བ།

    (4)བསྙེས་ནས་སྡོད་པ། གཅིག་པུར་ཕྲན་བུ་སྡོད་པ།

    (5)རང་ཉིད་ཀྱིས་འགུལ་ཤེས་པ།

    (6)བོར་བརླག་སོང་བའི་དངོས་པོར་སྐོར་བ་ཕྱེད་ཙམ་བརྒྱབ་ནས་ལེན་ཐུབ་པ། དངོས་པོ་ཆུང་ཆུང་མཐོང་བ།

    (7)སྒྲ་ཐོས་སར་ཁ་སློག་ཐུབ་པ།

    (8)གནས་ངེས་མེད་དང་ངེས་གནས་ངང་འཚོལ་ཐུབ་པ།

    (9)དགོད་སྒྲ་ཡོད་པ་དང་སྒྲ་ཨ་ཨོ་ཨེ་ཞེས་འདོན་ཐུབ་པ།

    (10)ལག་གཉིས་ཀྱིས་རང་ཉིད་ཀྱི་འཇིབ་རུར་འཆང་ཐུབ་པ།

    (11)ཤེལ་བརྙན་མཐོང་ཐུབ་པ།

    (12)བཙོག་པ་གཏོང་ཐུབ་པ།

    ཟླ་བ་7པ་ནས་12པའི་བར།

    (1)ཡག་པོ་སྡོད་ཐུབ་པ།

    (2) རྒྱབ་མདུན་གང་སར་ག་ལེར་འཛེག་པའམ་ཡང་ན་བདེ་ལྕག་འཁྱུག་པོས་འཛེག་ཐུབ་པ།

    (3) སྒྲོམ་སྐྱོར་ལ་བསྙེས་ནས་ལངས་པ་དང་། རང་ཉིད་ཀྱིས་དེར་འཇུས་ནས་ལངས་ཐུབ་པ།

    (4)ལག་གཉིས་ཀྱིས་བཟུང་བ་དང་ལག་པ་གཅིག་གིས་གཅིག་ལ་འཇུ་ཐུབ་པ།

    (5)འཕུར་མཉེད་གཏོང་བ་དང་། མཐེ་བོང་དང་གོང་མཛུབ་ཀྱིས་འཕུར་མཉེད་གཏོང་ཐུབ་པ།

    (6)ལག་པ་གློད་པ། རང་འགུལ་གྱིས་གློད་པ་དང་བླུགས་ཐུབ་པ།

    (7) མིང་འབོད་སྐབས་ཁ་ཡ་བྱེད་ཐུབ་པ།

    (8) མིང་ཚིག་འགའ་ཤོད་སྐབས་ལག་བརྡ་སྤྲོད་ཐུབ་པ།

    (9)རང་ཤུགས་སུ་པ་ཕ་ཨ་མ་ཞེས་འབོད་པ་དང་ཡང་ན་བསམ་བཞིན་དུ་པ་ཕ་ཨ་མ་ཞེས་འབོད་ཐུབ་པ།

    (10)དབང་པོ་ལྔའི་མིང་འབོད་སྐབས་མ་ནོར་བར་མཛུབ་མོ་འཛུགས་ཐུབ་པ།

    (11)ཤེལ་ཕོར་ནས་ཆུ་འཐུང་ཐུབ་པ།

    (12)ཏོག་ཙམ་འདྲིས་རྗེས་གཞན་དང་རྩེད་མོ་རྩེ་ཐུབ་པ།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།