དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • ལོ་གཉིས་ལ་མ་སོན་པའི་ཕྲུ་གུར་བརྙན་འཕྲིན་ལྟ་རུ་འཇུག་རྒྱུ་མེད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-04-07

    ཁ་ན་ཏའི་མང་ཐེ་རླིད་ཨར་སློབ་ཆེན་གྱི་ཞིབ་འཇུག་མི་སྣས་གསར་སྐྱེས་ཕྲུ་གུ་1300ལྷག་ཙམ་ལ་རྗེས་འདེད་བརྟག་དཔྱད་བྱས་ཏེ་བརྙན་འཕྲིན་ལྟ་བ་དང་ཕྲུ་གུའི་སྐྱེ་འཚར་དབར་ཤུགས་རྐྱེན་ཡོད་མེད་ལ་ཞིབ་འཇུག་བྱས་པ་རེད།

    ཞིབ་འཇུག་གི་གྲུབ་འབྲས་ནས་ཤེས་རྟོགས་བྱུང་བར། གལ་ཏེ་ཕྲུ་གུ་ལོ་གཉིས་ནས་བརྙན་འཕྲིན་བལྟས་ཚེ་ཁོང་ཚོ་ལོ་བཅུར་སླེབས་སྐབས་སློབ་སྦྱོང་གི་སྦྱངས་འབྲས་ཞན་དུ་ཕྱིན་པ་མ་ཟད། རྒྱགས་ནད་ཕོག་སླ་བ་དང་མི་གཞན་དང་འབྲེལ་བ་བྱ་རྒྱུར་མི་དགའ་བ་སོགས་ཀྱི་གནད་དོན་མི་ཉུང་བ་ཞིག་ཐོན་སྲིད། ཞིབ་འཇུག་མི་སྣས་གསལ་འགྲེལ་བྱས་པར་བྱིས་པས་བརྙན་འཕྲིན་བལྟས་ཀྱང་ནང་དོན་ལེགས་ཉེས་དབྱེ་འབྱེད་མི་ཐུབ་པར་ཚང་མ་བསྡུ་ལེན་བྱེད་པ་དེས་ཁོང་ཚོའི་ཀླད་ཆེན་སྐྱེ་འཚར་ལ་ཤུགས་རྐྱེན་ངན་པ་ཐེབས་ཏེ་མ་འོངས་པའི་འཚོ་བའི་གོམས་གཤིས་དང་མི་ཚེའི་རིན་ཐང་ལྟ་བར་ཤན་ཞུགས་ངན་པ་ཐེབས་ཀྱི་ཡོད། དེར་བརྟེན་ཨ་རི་སོགས་རྒྱལ་ཁབ་ཁག་གཅིག་གིས་ལོ་གཉིས་ལ་མ་སོན་པའི་ཕྲུ་གུར་བརྙན་འཕྲིན་ལྟ་རུ་འཇུག་གི་མེད་པ་དང་ལོ་གཉིས་ཡན་གྱི་བྱིས་པས་ཉིན་རེར་བརྙན་འཕྲིན་བལྟ་ཚད་ཆུ་ཚོད་གཉིས་ཡན་ནས་བརྒལ་རྒྱུ་མེད་པའི་གྲོས་འགོ་བཏོན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།