དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • ཚན་རྩལ་ལ་བརྟེན་ནས་ཕྱུག་པོའི་ལམ་དུ་སྐྱོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-03-10

    373372_yis_1488947965459_s.jpg

    ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱིས་ཞིང་ལས་དེང་རབས་ཅན་འཕེལ་རྒྱས་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་པ་དང་ཆབས་ཅིག་ཕྱོགས་ཁག་གི་མི་རྒྱུ་དངུལ་གསུམ་གཅིག་སྡུད་བྱས་ཏེ་འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་དང་། རྒྱལ་ཡོངས་ཀྱི་ཐོན་སྐྱེད་བཟོ་རྩལ་གྱི་བཟོ་རིམ་ལེགས་ཤོས། ལྷོ་ནུབ་ས་ཁུལ་གྱི་བ་གསོ་ར་བའི་ཆེས་སྔོན་ཐོན་གྱི་འདུས་གྲུབ་སྒྲིག་ཆས། ལྗོངས་ཡོངས་ཀྱི་གཞི་ཁྱོན་ཆེ་ཤོས་བཅས་ཀྱི་ཚད་གཞི་མཐོ་བའི་བཞོན་མ་གསོ་ཚགས་ལྟེ་གནས་བཙུགས་པ་མ་ཟད་གཉེར་སྐྱོང་བྱེད་འགོ་བཙུགས་ཡོད། ཤ་ཚལ་སྒོང་གསུམ་གྱི་འདུ་འགོད་དམ་འཛིན་བྱ་གཞི་དང་། ཁྲོམ་རའི་ཚལ་གོང་དང་། ཤ་གོང་། ཟོག་གོང་བཅས་འཚམ་པོ་ཡོང་རྒྱུ་དམིགས་ཚད་དུ་བྱས་ཏེ་ཁྲེང་ཀོན་ཆུས་ཀྲེ་ཧྲའོ་ས་གཙང་བདེ་ཐང་ཐོན་ལས་གླིང་བཙུགས་ཤིང་། འདི་ནི་ཁྲེང་ཀོན་ཆུས་ཀྲེ་ཧྲའོ་ས་གཙང་བདེ་ཐང་ཐོན་ལས་གླིང་གི་ཤིང་འབྲས་དང་སྔོ་ཚལ་འདེབས་འཛུགས་ཁུལ་གྱི་སྔོ་ཚལ་ལ་གཡོག་བྱེད་བྱེད་མཁན་ཆི་ཙེ་པའོ་ཡིས་ས་མེད་སྔོ་ཚལ་འདེབས་གསོའི་ལག་རྩལ་ངོ་སྤྲོད་བྱེད་པའི་གནས་ཚུལ་ཡིན་པ།

    འགན་འཁུར་རྩོམ་སྒྲིག་པ། 索朗多拉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།