དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • སྟབས་བདེ་ལ་ཕན་ནུས་ལྡན་པའི་བདེ་སྲུང་ཤེས་བྱ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-03-08

    1.འཚིག་རྨས་བྱུང་ན།

    ལག་པར་འཚིག་རྨས་བྱུང་དུས། ལམ་སེང་བྱེ་མ་ཀ་ར་འཚིག་སར་འབྱུག་པ་ཡིན་ན། ན་ཟུག་འཇོམས་ཐུབ་ལ། རྨ་རྗེས་མི་ལུས།

    2.སྣ་ཁྲག་དོན་ན།

    སྣ་ཁྲག་འདོན་སྐབས་ཐག་པ་ཕྲ་མོས་ལག་པའི་དཀྱིལ་མཛུབ་མཚམས་ནས་དམ་པོར་བསྡམ་བཀྱིགས་བྱས་ན། སྣ་ཁྲག་དོན་རྒྱུ་བཀག་ཐུབ།

    3.སོ་བརྡར་མཁན་ཡིན་ན།

    དགོང་མོ་མ་ཉལ་གོང་ཉིན་གསུམ་བསྟུད་མར་ཚ་ལུ་མའི་པགས་པ་གཙང་མ་བཀྲུས་ནས་བཟས་ན། སོ་བརྡར་བ་བཅོས་ཐུབ།

    4.ཨིག་ཀ་བརྒྱབ་ན།

    ཨིག་ཀ་བརྒྱབ་དུས་ཆུ་ཧུབ་གང་ཐེངས་བདུན་ལ་དབྱེ་ནས་དལ་པོར་མིད་པ་ཡིན་ན། ཨིག་ཀ་བརྒྱབ་པ་སེལ་ཐུབ། གལ་ཏེ་ནུས་པ་མི་ཐོན་ན་ཡང་བསྐྱར་ཐེངས་གཅིག་བྱེད་དགོས་སོ།

    5.གཉིད་ཡེར་ན།

    དགོང་མོ་ཇ་གར་པོ་དང་ཀོག་ཧྥེ་འཐུང་རྒྱུ་མེད་པ་དང་། མ་ཉལ་གོང་ཆུ་ཚ་པོའི་ནང་ཚུའུ་བསྲེས་ནས་རྐང་པ་སྐར་མ་20ཡན་སྦངས་ན་གཉིད་ཡག་པོ་ཁུག་ཐུབ།

    6.ཆམ་པ་སྔོན་འགོག

    ཉིན་ལྟར་ཞོགས་པ་དང་དགོང་མོ་ཆུ་གྲང་མོས་ངོ་གདོང་འཁྲུ་བ་དང་། དགོང་མོ་ཉལ་ཁར་ཆུ་ཚ་པོས་རྐང་པ་བཀྲུ་རྒྱུ་རྒྱུན་འཁྱོངས་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 索朗多拉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།