དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • གུང་གསེང་འཚོ་བ་ཕུན་སུམ་ཚོགས་པོ་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  བསྟན་འཛིན་ཕུན་ཚོགས་ཀྱིས།   |     སྤེལ་དུས།  2017-03-03

    དགུན་གསེང་ནི་གཞོན་ནུ་ལོ་ཆུང་ཚོ་སྤྱི་ཚོགས་ལ་ཞུགས་པ་དང་། སྦྱངས་པ་ལག་ལེན་དངོས་སུ་འཁྱོལ་བར་བྱེད་པ། སློབ་གྲྭ་ནས་རང་བྱུང་ཁམས་སུ་སྐྱོད་པ་བཅས་བྱས་ཏེ་དཔེ་གསར་དང་དོན་སྙིང་ལྡན་པའི་དགུན་གསེང་གི་འཚོ་བར་རོལ་དགོས་མོད། འོན་ཀྱང་རྒྱུ་རྐྱེན་སྣ་ཚོགས་ཀྱིས་རྐྱེན་པས་ཕ་མ་མང་དག་ཅིག་གིས་ཕྲུ་གུ“གསབ་སྦྱོང་་འཛིན་གྲྭར”གཏོང་བར་དང་དོད་ཆེན་པོ་བྱེད་ཀྱི་ཡོད།

    “གསབ་སྦྱོང་འཛིན་གྲྭ”གཉེར་བའི་བྱ་སྤྱོད་དེ་རིགས་ལ་སློབ་གསོ་པུས་བཀག་སྡོམ་བྱེད་དགོས་པའི་ཁྱབ་བསྒྲགས་བྱས་ཡོད་མོད། འོན་ཀྱང“གསོ་སྦྱོང་སྒྲིག་གཞི”ཟེར་བ་དེ་དག་གིས་ད་དུང་སློབ་གྲྭའི་སྒོ་འགྲམ་དུ་སློབ་བསྡུའི་བརྡ་ཆ་གཏོང་དོན་གང་ཡིན་ནམ། གུང་གསེང་རིང་གི་གསབ་སྦྱོང་བྱ་སྤྱོད་དེ་རིགས་བཀག་སྡོམ་ག་ཚོད་བྱས་ཀྱང་འགོག་མི་ཐུབ་པའི་རྒྱུ་རྐྱེན་གང་ཡིན་ནམ། སློབ་གསོའི་སྡེ་ཚན་གྱིས་སྔ་ས་ནས“བྱང་ཚད་སློབ་གསོ”དར་སྤེལ་བཏང་ཡོད་མོད། འོན་ཀྱང་སློབ་གྲྭ་ཁག་གཅིག་གིས་སློབ་སྦྱོང་གི་སྦྱངས་འབྲས་ལེགས་ཉེས་སློབ་མ་ཞིག་ཕུལ་བྱུང་ཡིན་མིན་གྱི་ཚད་འཇལ་ལྟ་བུར་བརྩི་བ་དང་སློབ་རིམ་འཕར་ཚད་སློབ་གྲྭ་ཞིག་གི་རིམ་པ་དབྱེ་བའི་ཚད་ཤིང་ལ་བརྩི་ཡི་ཡོད། གནོན་ཤུགས་ཡོད་ཚེ“འགུལ་ཤུགས”ལྡན་ངེས་རེད། སློབ་གྲྭས་གནོན་ཤུགས་དེ་དག་ཡང་དུ་གཏོང་སྟངས་ནི་གུང་གསེང་རིང་གསོབ་སྦྱོང་བྱས་ནས་སློབ་མའི་སློབ་རིམ་འཕར་ཚད་མང་དུ་གཏོང་ཐབས་བྱེད་པ་དེ་ཡིན་ནམ། སྣང་ཚུལ་དེ་རིགས་ལ་སློབ་གསོའི་འབྲེལ་ཡོད་སྡེ་ཚན་གྱིས་དོ་སྣང་བྱེད་དགོས་ངེས་རེད་འདུག

    རེ་སྒུག་ཡུན་རིང་བྱས་པའི་གུང་གསེང་དེ་མ་གཞི་དལ་དལ་ལྷོད་ལྷོད་ངང་ངལ་གསོ་རྒྱག་པ་དང་། རང་ཉིད་ཀྱིས་བྱེད་འདོད་པའི་ལས་ཀ་བྱེད་པ། སློབ་ཕྱིའི་ཤེས་བྱ་ཕུན་སུམ་ཚོགས་སུ་གཏོང་བ་བཅས་ཀྱི་དུས་ཚོད་ཅིག་རེད། འོན་ཀྱང་ད་ཆ་གསབ་སྦྱོང་འཛིན་གྲྭར་སློབ་སྦྱོང་ཁོ་ན་བྱེད་པ་ལས་མ་འདས།

    སློབ་གསོའི་འདུ་ཤེས་འགྱུར་ལྡོག་གཏོང་བར་སློབ་གསོ་སྡེ་ཚན་གྱིས་གཞོགས་འདེགས་བྱེད་དགོས་ལ་སློབ་མ་དང་། ཁྱིམ་བདག དགེ་རྒན། སྤྱི་ཚོགས་ལས་རིགས་ཁག་བཅས་ཀྱིས་ཐུན་མོང་ཐོག་འབད་བརྩོན་བྱེད་དགོས། ལྷག་དོན་དུ་སློབ་གྲྭས་སྦྱངས་འབྲས་ཀྱི་སྐར་གྲངས་ཁོ་ནར་བལྟས་ནས་སློབ་མ་ཡག་སྡུག་མ་ཕྱེ་བར་སློབ་མ་ཚང་མའི་ཁྱད་ཆོས་དང་ལེགས་ཆ་ཤེས་པ་བྱས་ཏེ“སློབ་མ་ཚང་མར་ལེགས་ཆ་ལྡན་པ་དང་སློབ་མ་ཚང་མ་གོ་ཆོད་མི་སྣར”འགྱུར་བའི་བྱང་ཚད་སློབ་གསོའི་རྣམ་པ་བཏོད་ཚེ་ཕུལ་བྱུང་གི་ཤེས་ལྡན་མི་སྣ་གཞི་ནས་གསོ་སྐྱོང་བྱེད་ཐུབ་ངེས་རེད།

    འགན་འཁུར་རྩོམ་སྒྲིག་པ། 米玛

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།