དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • བོད་ཡིག་གི་འཚོལ་བཤེར་མ་ལག་ཐོག་མ་དྲ་ཐོག་ཏུ་སྤྱོད་འགོ་ཚུཌ་ནས་ལོ་ཕྱེད་སོང་བ་དང་སྤྱོད་ཚད་མི་ཐེངས་ཁྲི་7500ཟིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2017-02-20

    གོ་ལ་ཧྲིལ་པོའི་བོད་ཡིག་འཚོལ་བཤེར་མ་ལག“ཡོངས་འཛིན”གྱི་འགན་ཁུར་བས་ཉེ་ཆར་ཀྲུང་གོ་གསར་འགྱུར་ཁང་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས། འཚོལ་བཤེར་མ་ལག་དེ་2016ལོའི་ཟླ་8པར་དྲ་ཐོག་ཏུ་སྤྱོད་འགོ་ཚུགས་པ་ནས་བཟུང་། མིག་སྔར་སྤྱོད་ཚད་མི་ཐེངས་ཁྲི་7500ཟིན་པ་དང་། ཉིན་རེར་ཆ་སྙོམས་འདྲི་རྩད་བྱེད་མཁན་མི་ཐེངས་ཁྲི་60ཟིན་ཡོད་ཅེས་བརྗོད་པ་རེད།

    “ཡོངས་འཛིན”བོད་ཡིག་འཚོལ་བཤེར་མ་ལག་དེ་2013ལོའི་ཟླ་4པར་སྐྲུན་འགོ་ཚུགས་ནས་མིག་སྔར་ཀྲུང་གོའི་རྒྱལ་ནང་གི་བོད་ཡིག་དྲ་ཚུགས་ཀྱི་གཅིག་གྱུར་ཞུགས་སྒོ་ཞིག་ཏུ་གྱུར་ཡོད་པ་དང་། དེའི་ནང་གསར་འགྱུར་དང་། དྲ་ངོས། བརྙན་ལམ། རོལ་དབྱངས། པར་རིས་སོགས་འཚོལ་བཤེར་དང་། བོད་ཡིག་གི་ཤེས་བྱ་ཀུན་བཏུས། བོད་ཡིག་གི་རིག་མཛོད། བོད་ཡིག་གི་དྲིས་ལན་སོགས་རིགས་བརྒྱད་ལ་ཕྱེ་ཡོད་པ་དང་། གཉེར་སྐྱོང་ཚོགས་པའི་ནང་བོད་རིགས་ཀྱིས་བསྡུར་གྲངས་བཟུང་ཚད་89%ཟིན་ཡོད་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔར“ཡོངས་འཛིན”འཚོལ་བཤེར་མ་ལག་སྤྱོད་མཁན་ཀྲུང་གོའི་ཞིང་ཆེན(རང་སྐྱོང་ལྗོངས་དང་ཐད་སྐྱོང་གྲོང་ཁྱེར)31གི་བོད་ཡིག་དྲ་དམངས་ཡོད་པ་ཕུད། ད་དུང་རྒྱ་གར་དང་། ཨ་རི། ཧྥ་རན་སེ། རི་པིན། ནེ་པ་ལ། སུའེ་ཙེར་སོགས་རྒྱལ་ཁབ་དང་ས་ཁུལ་44རུ་ཁྱབ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗多拉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།