ང་རང་།
མི་ཚེ་ཡི་བགྲང་ཆ་བཅུ་དྲུག་འདས་ཟིན་ལ།
དྲོ་གྲང་གི་དཀའ་སྡུག་ཚད་མེད་མྱོངས་ཟིན།
མངར་སྐྱུར་གྱི་བྲོ་བ་རབ་ཏུ་འཚོར་ཟིན།
ང་རང་།
ཕམ་མྱོང་།
ཤོར་མྱོང་།
ངུ་ཡང་མྱོང་།
འཚོལ་སྙེག་གི་ལམ་ཁ་རུ།
ང་རང་།
ཁེ་མྱོང་།
ཐོབ་མྱོང་།
དགའ་ཡང་མྱོང་།
འཚོལ་སྙེག་གི་ལམ་ཁ་རུ།
ཁ་སང་།
ལམ་བུ་དེ་ཀྱག་ཀྱོག་ཆེ་ལ་འཚེར་མ་མང་།
དེ་རིང་།
ལམ་བུ་འདིར་ཀྱག་ཀྱོག་སྔར་ལས་ཆེ་ཞིང་འཚེར་མས་ཡོངས་སུ་ཁེངས།
ལང་ཚོའི་དམར་ལྷོག་ལྷོག་གི་མེ་ལྕེ་མཆེད་བཞིན།
དྲོད་ལམ་ལམ།
གསལ་ལྷང་ལྷང་གི་ལམ་བུ་བསྐྲུན།
དེ་ནི་འཚོལ་སྙེག་ཡིན་ལ།
དེ་ནི་མི་ཚེ་ཡིན།
ངས།
སྙེག་འདོད་པ་ནི་དཀྱུས་མའི་ལམ་ཤ་སྟག་ཡིན་ལ།
འཚོལ་འདོད་པ་ནི་མདུན་བསྐྱོད་ཀྱི་ཁ་ཕྱོགས་ཡང་དག་དེ་ཡིན།
ཨ།
མི་ཚེའི་གསོན་ཤུགས་ཀྱི་འབྱུང་ཁུངས།
ཚེ་སྲོག་གི་མྱུ་གུ་འབུས་བའི་ཟེགས་མ།
རྨི་ལམ་དེ་མངོན་འགྱུར་ཡོང་བའི་དབང་པོ་ཡིན།
དྲག་རླུང་གི་ཁྲོད་དུ།
བུ་ཡུག་གི་དཀྱིལ་དུ།
ཆར་ཆུ་ཡི་དབུས་སུ།
ངས་འཚོལ་སྙེག་གི་དར་ལྕོག་ནམ་ཡང་མཁའ་དབྱིང་སུ་བསྒྲེངས།
ལྷ་ས་སློབ་འབྲིང་། ༢༠༡༨(༤) ཡེ་ཤེས་ཆོས་སྒྲོན།