གཅིག གཟའ་འཁོར་འདིའི་གནམ་གཤིས་སྔོན་བརྡ(ཟླ་2ཚེས་6ཉིན་ནས་ཟླ་2ཚེས་12ཉིན་བར)
གཟའ་ཟླ་བ་དང་མིག་དམར་ལ་ནག་ཆུ་དང་། མངའ་རིས། གཞིས་རྩེའི་ལྷོ་ནུབ་རྒྱུད་བཅས་སུ་གནམ་འཐིབས་ནས་གངས་ཆུང་བ་འབབ་རྒྱུ་དང་ནག་ཆུའི་ཤར་རྒྱུད་དང་། ཆབ་མདོའི་བྱང་རྒྱུད། ཉིང་ཁྲི་བཅས་སུ་སྤྲིན་པ་མང་པོ་འཁོར་ནས་གངས(ཆར་པ)སིམ་སིམ་འབབ་རྒྱུ། གཟའ་ལྷག་པ་དང་ཕུར་བུར་མངའ་རིས་དང་གཞིས་རྩེའི་ལྷོ་ནུབ་རྒྱུད་དུ་གནམ་འཐིབས་ནས་གངས་ཆུང་བ་འབབ་རྒྱུ་དང་ས་ཆ་ཁག་གཅིག་ལ་གངས་འབྲིང་བ་འབབ་རྒྱུ། གཟའ་མཇུག་ཏུ་ནག་ཆུའི་ཤར་རྒྱུད་དང་། ཆབ་མདོ། ཉིང་ཁྲི་བཅས་སུ་གནམ་འཐིབས་ནས་གངས(ཆར་པ)ཆུང་བ་འབབ་རྒྱུ་དང་ས་ཆ་ཁག་གཅིག་ལ་གངས་འབྲིང་བ་འབབ་རྒྱུ། གཟའ་འཁོར་འདིའི་ནང་བོད་བྱང་ཐང་རྒྱུད་དང་གཞིས་རྩེའི་ལྷོ་རྒྱུད་དུ་ལྷགས་པ་ཆེ་བ་རིམ་པ་7རྒྱག་རྒྱུ་དང་ཡར་ཀླུང་གཙང་པོའི་ལུང་གཞུང་ས་ཁུལ་དུ་ལྷགས་པ་རིམ་པ་4ནས་5བར་རྒྱག་རྒྱུ།
གཉིས། གྲོས་འགོ
1.རང་ལྗོངས་ཀྱི་ལྷོ་ནུབ་རྒྱུད་དང་ཤར་རྒྱུད་དུ་གངས་འབབ་མང་བས་འགྲིམ་འགྲུལ་སྐྱེལ་འདྲེན་དང་འབྲོག་ལས་ལ་ཤུགས་རྐྱེན་ངན་པ་ཐེབས་རྒྱུར་དོགས་ཟོན་བྱེད་དགོས་པ་དང་།
2. གཟའ་འཁོར་འདིའི་ནང་ལྷགས་ཆེན་རྒྱག་མང་བ་དང་གནམ་གཤིས་ཀྱི་མེ་སྐྱོན་ཐོན་པའི་ཉེན་ཁའི་རིམ་པ་མཐོ་ཙམ་ཡོད་པས་ནགས་ཚལ་དང་རྩྭ་རའི་མེ་ཟོན་ལས་དོན་ལ་ཤུགས་སྣོན་རྒྱག་དགོས།