ཉིན་ཤས་གོང་གསར་འགོད་པར་ནས་སོན“བོད་ནས་ཨང་2000”གི་ཚན་རྩལ་གྲུབ་འབྲས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། 2013ལོར“བོད་ནས་ཨང་2000”ཁྱབ་གདལ་བཏང་ཚུན་ཏུན་ཁྲི་6ཙམ་ཐོན་འཕར་བྱུང་བ་དང་ཁྱབ་གདལ་རྒྱ་ཁྱོན་མུའུ་ཁྲི་100ལས་བརྒལ་ཏེ་རང་ལྗོངས་ཀྱི་འབྲུ་རིགས་ཐོན་ཚད་ཏུན་ཁྲི་100ལས་བརྒལ་རྒྱུ་དང་ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་འཕར་རྒྱུ་དེ་བཞིན་ཞིང་ལས་འདེབས་འཛུགས་ཀྱི་གྲུབ་ཆ་ལེགས་སྒྲིག་སོགས་ཐད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད།
“བོད་ནས་ཨང་2000”གི་ཚན་རྩལ་གྲུབ་འབྲས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་གསར་འགྱུར་མགྲིན་ཚབ་པ་ལྗོངས་ཞིང་ལས་ཚན་རིག་ཁང་གི་ཡོན་ཀྲང་ཉི་མ་བཀྲ་ཤིས་ཀྱིས་2013ལོའི་ཟླ་2ཚེས་4ཉིན་རང་སྐྱོང་ལྗོངས་ཀྱི་ཐེངས་བཅོ་བརྒྱད་པའི་ཞིང་ལས་ལོ་ཏོག་སྣ་ཁ་དཔྱད་འདེམས་ཨུ་ལྷན་གྱིས་དཔྱད་འདེམས་བྱས་པ་བརྒྱུད་ནས་སོན་གསར་པའི་དེའི་མིང་ལ“བོད་ནས་ཨང2000”ཞེས་བཏགས་ཡོད། 2013ལོ་ནས་ད་བར“བོད་ནས་ཨང་2000”གི་ཆ་སྙོམས་མུའུ་རེའི་ཐོན་འཕར་10%ཡན་ཟིན་པ་དེ་2012ལོ་ལས་ཏུན་ཁྲི་5.92འཕར་ཡོད་པ་དང་། 2016ལོར“བོད་ནས་ཨང་2000”ཁྱབ་གདལ་བཏང་བའི་རྒྱ་ཁྱོན་མུའུ་ཁྲི་100.55ཟིན་ཏེ་ཐོན་ཚད་ཏུན་ཁྲི་2.56ཟིན་ཡོད་ཅེས་ངོ་སྤྲོད་བྱས་བྱུང་། ཁོང་གིས“བོད་ནས་ཨང་2000”གིས་ནས་ཀྱི་ཐོན་ཚད་མཐོ་རུ་བཏང་བ་ཕུད། ད་དུང་ཞིང་པར་ཡོང་འབབ་འཕར་ཐུབ་པ་བྱུང་ཡོད་ཅེས་བཤད་བྱུང་། ཁོང་གིས་ནས་རྒྱ་མ་རེར་སྒོར་3.8ལྟར་བརྩིས་ན་ཡོང་འབབ་སྒོར་དུང་ཕྱུར་2.25རག་རྒྱུ་དང་། “བོད་ནས་ཨང་2000”ལས་སོག་མ་ཐོན་མང་བ་དང་མུའུ་རེ་ནས་སོག་མ་11%ཙམ་དང་སོག་མ་གསར་པ་ཏུན་ཁྲི་7.11ཐོན་གྱི་ཡོད། གལ་ཏེ་སོག་མ་རྒྱ་མ་རེར་སྒོར་1ལྟར་བརྩིས་ན་ཡོང་འབབ་སྒོར་དུང་ཕྱུར་0.71རག་ཐུབ་ཅེས་བརྗོད་བྱུང་། གཞན་ཡང“བོད་ནས་ཨང་2000”ཁྱབ་གདལ་གཏོང་བའི་བརྒྱུད་རིམ་ནང་གཅིག་སྡུད་ཐོག་ས་བོན་ཐོན་སྐྱེད་དང་། གཅིག་གྱུར་ལས་སྣོན་དང་སོན་མཁོ་སྤྲོད་ཀྱི་བྱེད་ཐབས་ལག་བསྟར་བྱས་ཤིང་། “བོད་ནས་ཨང་2000”གི་སོན་ཉོ་སྒྲུབ་ཀྱི་རིན་གོང་ཆ་སྙོམས་བྱས་ན་རྒྱ་མ་རེར་སྒོར་5.2བྱེད་པ་དེ་ཁྲོམ་རའི་རིན་གོང་ལས་རྒྱ་མ་རེར་སྒོར་1.4མཐོ་བ་ཡོད་པ་དང་པ་སྣམ་རྫོང་དཔལ་ཚལ་ཤང་གིས་ལོ་བཞིའི་ནང་རིམ་རྩིས་བྱས་ན་སོན་རྒྱ་མ་ཁྲི་1000བཙོངས་པའི་ཡོང་འབབ་སྒོར་ཁྲི་700ཙམ་ཟིན་ཡོད།