དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • གྲང་ངར་ཆེ་བའི་དགུན་དུས་དྲོ་སྐྱིད་སྦྱིན། འཛུམ་མདངས་སྟོན་བཞིན་དུས་ཆེན་དགའ་བས་བསུ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-02-05

    དགུན་དུས་ཀྱི་འདམ་གཞུང་རྩྭ་ཐང་སྟེང་གྲང་རླུང་འུར་འུར་དུ་ལྡང་ནའང་དབུ་མ་ཐང་ཤང་ཀོ་གཉེར་གྲོང་ཚོའི་གྲོང་མི་དབྱངས་ཅན་ཁྱིམ་གྱི་ཐོག་སྟེང་དུ་ལག་རྩལ་མི་སྣ་གསུམ་གྱིས་གྲང་རླུང་ཁྲོད་གློག་སྐུད་ཁྲིད་པ་དང་སྙོམས་སྒྲིག་ཚོད་ལྟ་ཡང་ཡང་བྱེད་བཞིན་གོ་རིམ་ལྡན་པའི་ངང“དུད་ཚང་ཀུན་ལ་ཤར་གཏོང་ཐུབ་པའི”རླུང་འཕྲིན་བརྙན་འཕྲིན་བསྡུ་ལེན་སྒྲིག་ཆས་བརྗེ་བཞིན་མཆིས།

    “ཁྱེད་ཚོ་སྐུ་ལས་ཁག་སོང་། མར་ཕེབས་ནས་གསོལ་ཇ་མངར་མོ་བཞེས་དང”ཞེས་དབྱངས་ཅན་གྱིས་ཇ་ཏིར་བཏེགས་ནས་སྒྲིག་ཆས་བསྒར་མཁན་ལག་རྩལ་པར་ལག་བརྡ་བྱེད་བཞིན་དུ་བཤད།

    “ཨ་ཅག་ཐུགས་རྗེ་ཆེ། ཏོག་ཙམ་སྒུག་ཨང་། བསྒར་ཚར་གྲབས་ཡོད”ཅེས་ལག་རྩལ་པ་ཞིག་གིས་སྒྲིག་ཆས་སྙོམས་སྒྲིག་ཚོད་ལྟ་བྱེད་གྱིན་དེ་ལྟར་བཤད།

    སྐར་མ་ཁ་ཤས་སོང་རྗེས་ལག་རྩལ་པས་སྒྲིག་ཆས་བསྒར་ཟིན་ནས་ཚོམས་ཆེན་ནང་ཡོང་བ་དང་ཇ་མངར་མོ་ཧུབ་གང་འཐུང་ཁོམ་མེད་པར་སླར་ཡང་བརྙན་འཕྲིན་སྙོམས་སྒྲིག་ཚོད་ལྟ་བྱས། ད་ཆ་དབྱངས་ཅན་ཁྱིམ་གྱི་བརྙན་འཕྲིན་ནས་ལེ་ཚན་ཁག་53ལྟ་ཐུབ་པ་དང་ས་ཆ་དེ་གའི་བོད་སྐད་བརྙན་ལམ་མང་པོ་ཞིག་ཀྱང་ལྟ་ཐུབ་པས་གཙོ་རྒྱུན་གྱི་རླུང་འཕྲིན་བརྙན་འཕྲིན་བརྡ་རྟགས་གཞི་རྩའི་ཆ་ནས་ཡོངས་ཁྱབ་ཐུབ་པ་རེད།

    ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་རླུང་འཕྲིན་བརྙན་འཕྲིན་ཁོངས་གཏོགས་ཀྱི་ལས་དོན་མི་སྣས་ངོ་སྤྲོད་བྱས་པར་གཞིགས་ན། “དུས་ཆེན་གཉིས”འཆར་ཉེར་ཡོད་པའི་སྐབས་འདིར་རྫོང་དེ་ཡོངས་ཀྱི་ཞིང་འབྲོག་མང་ཚོགས་ཀྱི་རླུང་འཕྲིན་བརྙན་འཕྲིན་ཐད་གཏོང་སྲུང་སྐར་སྒྲིག་ཆས་གསར་བརྗེ་དང་རབ་བརྗེའི་ལས་དོན་ལ་བདེ་བླག་ངང་སྐུལ་འདེད་བཏང་ནས་ཞིང་འབྲོག་པར་སྤྲོ་སྣང་ལྡན་ལ་བཀྲ་ཤིས་པའི་དུས་ཆེན་ཞིག་གཏོང་ཐུབ་པ་བྱ་ཆེད་རྫོང་དེ་ཡོངས་ཀྱི་རླུང་འཕྲིན་བརྙན་འཕྲིན་ལག་རྩལ་མི་སྣས་ལས་དུས་འཕར་མ་བྱས་ནས་ལས་དོན་སྤེལ་བ་རེད། དང་ཐོག་འཛད་སྤྱོད་པའི་མིང་དང་། ས་གནས། འབྲེལ་གཏུག་བྱེད་སྟངས། གྲོང་མིའི་ཐོབ་ཐང་ལག་ཁྱེར་སོགས་འབྲེལ་ཡོད་ཆ་འཕྲིན་རེ་རེ་བཞིན་ཐོ་འགོད་བྱེད་པ་དང་འབྲེལ་རྫོང་གི་རླུང་འཕྲིན་བརྙན་འཕྲིན“གྲོང་ཚོ་ཀུན་ཁྱབ”གཞུང་དོན་ཁང་དུ་གཅིག་སྡུད་བྱས་ཏེ་ཐད་གཏོང་སྲུང་སྐར་ཤར་གཏོང་ལས་དོན་སྤེལ་འགོ་བཙུགས་པ་དང་དེ་རྗེས་རྫོང་དེ་ཡོངས་ཀྱི་སྲིད་འཛིན་གྲོང་ཚོ་28དང་། རང་བྱུང་གྲོང་ཚོ་171 གྲྭ་ཤག་321བཅས་སུ་བསྐྱོད་དེ་དུད་ཚང་10972ལ་རླུང་འཕྲིན་བརྙན་འཕྲིན་ཐད་གཏོང་སྲུང་སྐར་སྒྲིག་ཆས་གསར་བརྗེ་དང་རབ་བརྗེའི་ལས་དོན་སྤེལ་ནས་དུས་ཆེན་གོང་དུ་རླུང་འཕྲིན་བརྙན་འཕྲིན་སྲུང་སྐར་སྒྲིག་ཆས་སྤྲོད་པ་དང་བསྒར་བའི་ལས་དོན་སྤུས་ཚད་མཐོ་བའི་སྒོ་ནས་ལེགས་གྲུབ་ཐུབ་པའི་འགན་ལེན་བྱས་པ་རེད།

    མིག་སྔར་འདམ་གཞུང་རྫོང་དེ་ཡོངས་སུ་རླུང་འཕྲིན་དང་བརྙན་འཕྲིན་ཁྱབ་ཚད་99.5%ཟིན་པ་དང“དུད་ཚང་ཀུན་ལ་ཤར་གཏོང་ཐུབ་པའི”སྒྲིག་ཆས་ཁྱིམ་ཚང་ཁྲི་སྟོང་མང་པོར་སྦྲེལ་མཐུད་ཐུབ་ནས་དབྱངས་ཅན་དང་ནོར་བུ་ལྟར་གྱི་ཞིང་འབྲོག་པའི་ཁྱིམ་ཚང་ཀུན་གྱིས་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་རིང་རྒྱལ་ཡོངས་ས་ཆ་ཁག་གི་ལྟད་མོ་ཆེ་བའི་ལེ་ཚན་ལྟ་ཐུབ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། 米玛

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།