དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • ཆབ་མདོ་གྲོང་ཁྱེར་གྱིས་དྲ་འཕྲིན་ལས་དོན་གྱི་རྣམ་པ་གསར་པ་བཏོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-02-04

    2016ལོ་ནས་བཟུང་། ཆབ་མདོ་གྲོང་ཁྱེར་དྲ་འཕྲིན་ཁོངས་གཏོགས་ཀྱིས་ཆ་འཕྲིན་ཅན་གྱི་སྤྱི་ཚོགས་འཕེལ་རྒྱས་འགྲོ་ཕྱོགས་དང་རང་འགུལ་ངང་འཚམ་པ་བྱ་ཆེད། ནུས་ལྡན་གྱི་བྱ་ཐབས་དང་བྱེད་ཐབས་རབ་དང་རིམ་པ་སྤྱད་པས་བྱེད་ཐབས་གསར་པ་འཚོལ་ཞིབ་ཐུབ་པ་དང་། ཉམས་མྱོང་གསར་པ་བསགས་པ། དྲ་འཕྲིན་ལས་དོན་ལ་རིམ་པ་བཞིན་དོ་དམ་དང་གང་སར་དམ་འཛིན་བྱེད་མཁན་ཡོད་པའི་རྣམ་པ་བཟང་པོ་ཞིག་ཆགས་ཡོད།

    འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་འགན་འཁྲི་གསལ་པོ་བཟོས་ཤིང་། གསར་དུ་བཙུགས་པའི་དྲ་ཚུགས་5དབར《ཆབ་མདོ་གྲོང་ཁྱེར་གྱི་དྲ་སྦྲེལ་ཏང་དོན་ཨུ་ལྷན་གྱི་2015ལོ་ནས་2017ལོ་བར་གྱི་ཏང་འཛུགས་སྐྱོང་ལས་དོན་གྱི་དམིགས་ཚད་དོ་དམ་འགན་འཁྲིའི་ཡི་གེ》མུ་མཐུད་བཞག་པ་དང་། གྲོང་ཁྱེར་སྤྱི་བདེ་ཅུས་དང་། བཟོ་ལས་དང་ཆ་འཕྲིན་ཅན་ཅུས། འཕྲིན་གཏོང་གཉེར་སྐྱོང་ཚོང་པ་3དང་དེ་བཞིན་གྲོང་ཁྱེར་ཐད་གཏོགས་གསར་འགྱུར་དྲ་ཚུགས་གཙོ་གནད་བཅས་བསྡུ་སྒྲིལ་བྱས་ནས། 《ཆབ་མདོའི་དྲ་རྒྱའི་ལྟ་སྡོམ་འགན་འཁྲིའི་ཡི་གེ》དང《ཆབ་མདོ་གྲོང་ཁྱེར་གྱི་དྲ་ཚུགས་ཀྱི་ཆ་འཕྲིན་བདེ་འཇགས་དམིགས་ཚད་འགན་འཁྲིའི་ཡི་གེ》འཇོག་རྒྱུ་མཐའ་འཁྱོངས་བྱས་པ་རེད།

    ཏང་གིས་དྲ་རྒྱར་དོ་དམ་བྱས་ནས་ནུས་པ་ཁྱབ་གདལ་བཏང་ཞིང་། དྲ་ཚུགས་ཀྱི་ཏང་རྩ་འཛུགས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་ཁྱོན་ཡོངས་ལ་ཁྱབ་ཐུབ་པ་བྱུང་ཡོད། མིག་སྔར། ཆབ་མདོ་གྲོང་ཁྱེར་གྱི་དྲ་སྦྲེལ་ལས་དོན་ཨུ་ལྷན་གྱིས་ཁྱོན་དྲ་ཚུགས་26གི་ཏང་རྩ་འཛུགས་དབར་ཏང་འཛུགས་སྐྱོང་གི་དམིགས་ཚད་དོ་དམ་འགན་འཁྲིའི་ཡི་གེ་བཞག་པ་རེད།

    དྲིལ་བསྒྲགས་ལ་དམ་འཛིན་ལྷོད་མེད་བྱས་ནས་དྲང་ནུས་དར་སྤེལ་བཏང་ཞིང་། 2016ལོའི་ཟླ་3ཚེས་3ཉིན“དྲ་འཕྲིན་ཆབ་མདོའི”སྐད་འཕྲིན་སྤྱི་རྟགས་ཀྱི་ཆ་འཕྲིན་དང་པོ་བཏང་ཚུན། པར་རིས་དང་ཆ་འཕྲིན་ཐེངས་213སྡེབ་གཏོང་བྱས་པ་དང་། ཆ་འཕྲིན་ཁག་776བཏང་བ། ལྟ་ཀློག་བྱེད་ཚད་ཐེངས་654799དང་དོ་ཁུར་བྱེད་ཚད་11397ཟིན་པ་རེད།

    ཞབས་ཞུར་མཐོང་ཆེན་གྱིས་རྒྱ་ཁྱབ་ངང་སྐུལ་སློང་བྱས་ཤིང་། གྲོང་ཁྱེར་དེའི་རིམ་ཁག་ཏང(སྡེ་ཚོགས)རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན(ཚོགས་མི)སྐོང་འཐེན་གང་ལེགས་དང་། ལས་རིགས་ཁག་གི་སྤྱི་ཚོགས་ཀྱི་སྟོབས་ཤུགས་རྒྱ་ཁྱབ་ངང་སྐུལ་སློང་བྱས་ཏེ། རིགས་གཅིག་མཁས་ཅན་5ལས་གྲུབ་པའི་དྲ་རྒྱའི་དཔྱད་དཔོག་མི་སྣ་དང་། དྲ་རྒྱའི་དཔྱད་དཔོག་གི་ལས་འགན་གཅིག་ལྕོགས་འཁུར་མཁན་400 དྲ་རྒྱའི་གཞོན་ནུ་དང་བླངས་པ་1800 དྲ་རྒྱའི་ཐོག་ཡ་རབས་བརྒྱུད་སྤེལ་དང་བླངས་པ་122བཅས་ཀྱི་འཐབ་ཕྱོགས་གཅིག་གྱུར་བཙུགས་ནས་སྲོག་ཤིང་དང་། རྐང་འཛིན། འདེགས་སྐྱོར་བཅས་ཀྱི་ནུས་པར་བརྟེན་ནས། ཐུན་མོང་ཐོག་ཤུགས་འདོན་པའི་དྲ་རྒྱའི་གླེང་ཕྱོགས་ཀྱི་ཁྲིད་སྟོན་རྣམ་པ་ཞིག་ཧུར་ཐག་ཆགས་པ་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 米玛

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།