1.ནུས་ཚད་མཐོ་བའི་སྒྲིག་ཆས། ནུས་ཚད་མཐོ་བའི་སྒྲིག་ཆས་སྣེ་མཐུད་བྱེད་སྐབས་སྐད་ཅིག་ཉིད་དུ་འགྱེད་འཕྲོ་ཧ་ཅང་མཐོ་པོ་ཆགས་ཀྱི་ཡོད་པས་ཉལ་ཁྲིའི་འགྲམ་དུ་བཞག་རྒྱུ་མེད།
2.སྐྲ་ལ་གློག་གཏོང་ཆས། སྐྲ་ལ་གློག་གཏོང་བའི་ཡོ་ཆས་ནི་བོངས་ཚད་ཆུང་ཡང་ཐོན་པའི་འགྱེད་འཕྲོ་མཐོ་པོ་ཡོད། བེད་སྤྱོད་བྱེད་སྐབས་བྱིས་པ་དང་ཐག་རིང་ཙམ་འཇོག་དགོས།
3.CRTབརྙན་འཕྲིན། CRTབརྙན་འཕྲིན་ནི་སྤྱིར་བཏང་གི་བརྙན་འཕྲིན་ཞིག་ཡིན་པ་དང་བརྙན་འཕྲིན་དེའི་རྒྱབ་ངོས་ནས་འགྱེད་འཕྲོ་ཅུང་ཆེ་ཙམ་ཐོན་པས་བརྙན་འཕྲིན་ལྟ་སྐབས་བར་ཐག་ངེས་ཅན་འཇོག་དགོས། ལྷག་པར་དུ་བྱིས་པ་དང་བར་ཐག་ངེས་ཅན་ཞིག་འཇོག་དགོས།
4.ཁྱིམ་ཚང་གློག་བརྙན། ཁྱིམ་ཚང་གློག་བརྙན་ཟེར་བ་དེ་ནི་དུས་རྒྱུན་འོད་སྡེར་འཕྲུལ་ཆས་དང་སྒྲ་སྐྱེད་འཕྲུལ་ཆས་གཉིས་པོར་གོ་བ་དང་། བེད་སྤྱོད་གང་ཐུབ་ཀྱིས་ཉུང་ཙམ་གཏོང་དགོས།
5.སྒྲ་གདངས་དམའ་བའི་སྒྲ་སྐྱེད་འཕྲུལ་ཆས། སྒྲ་གདངས་དམའ་བའི་སྒྲ་སྐྱེད་འཕྲུལ་ཆས་བེད་སྤྱོད་བྱེད་སྐབས་མི་དང་འཕྲུལ་ཆས་དབར་བར་ཐག་སྨི་ཕྱེད་ཀ་ཙམ་འཇོག་རྒྱུ་རྒྱུན་འཁྱོངས་བྱེད་དགོས་པ་དང་། ལྷག་པར་དུ་གློག་ཀླད་ལ་མཐུད་པའི་སྒྲ་གདངས་དམའ་བའི་སྒྲ་སྐྱེད་འཕྲུལ་ཆས་མཐོ་པོ་དང་ཐག་ཉེ་སར་འཇོག་རྒྱུ་མེད།
6.རླུང་གཡབ་འཕྲུལ་ཆས། རླུང་གཡབ་འཕྲུལ་ཆས་དུས་ཚོད་རིང་པོ་བེད་སྤྱོད་བྱ་རྒྱུ་མེད་པ་མ་ཟད། བར་ཐག་ངེས་གཏན་ཞིག་འཇོག་དགོས།
7.རླབས་ཕྲན་ཐབ། དེང་སྐབས་མི་མང་པོས་ཁྱིམ་ཚང་ནང་རླབས་ཕྲན་ཐབ་ནང་བཟའ་ཆས་ཚ་པོ་བཟོ་ཡི་ཡོད། ཡིན་ནའང་གཟབ་ནན་བྱེད་དགོས་པ་ཞིག་ལ་བེད་སྤྱོད་བྱེད་སྐབས་དུས་ཚོད་རིང་པོ་འཇོག་རྒྱུ་མེད།