དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • ལྷ་སའི་ཞིང་འབྲོག་ལས་ཀྱི་ཚན་རྩལ་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-02-01

    ཉེ་ཆར། གསར་འགོད་པས་ལྷ་ས་གྲོང་ཁྱེར་གྱི་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱས་པར་གཞིགས་ན། འདི་ལོའི་ཚུན་དུ་ལྷ་ས་གྲོང་ཁྱེར་གྱིས་ས་མཐོའི་ཁྱད་ལྡན་ཞིང་འབྲོག་ལས་ཀྱི་ཐོན་ཁུངས་ལ་དམིགས་ནས་ཚན་རིག་ཞིབ་འཇུག་དང་དཔེ་སྟོན་ཁྱབ་གདལ་གྱི་ལས་དོན་སྤེལ་ཏེ། འབྲོག་ལས་ཀྱི་རྒྱུད་བཟང་ནང་འདྲེན་དཔེ་སྟོན་ལས་དོན་ཧུར་ཐག་སྤེལ་བ་དང་། རྒུན་འབྲུམ་དང་། ཇ་སྤྱོད་ལུག་མིག་མེ་ཏོག སྔོ་ཚལ། བཟའ་བཅའི་ཤ་མོའི་རིགས་སོགས་ཀྱི་ཞིང་ལས་སྐྱེ་དངོས་སྣ་ཁ་ནང་འདྲེན་དང་བཏབ་ནས། ས་གཙང་བདེ་ཐང་ཐོན་ལས་འཕེལ་རྒྱས་འགྲོ་བར་ཚན་རྩལ་གྱི་འདེགས་སྐྱོར་བྱས་ཡོད་པ་རེད།

    ལྷ་ས་གྲོང་ཁྱེར་གྱིས་ཇ་སྤྱོད་ལུག་མིག་མེ་ཏོག་སྣ་ཁ་3ནང་འདྲེན་བྱས་ནས་བཏབ་པ་དང་། སྤུས་ལེགས་འབྲི་ཏ་ས་འཛིན་ངོ་མའི་སྡོང་སོན་རབས་གཉིས་པ་སྐྱེད་སྲིང་བྱས་པ་དང་འབྲེལ་རིན་མེད་ངང་མི་སེར་ཚོར་སྡོང་སོན་ཁྲི་7ལྷག་ཙམ་ཁྱབ་སྤེལ་བཏང་བ་དང་། རྒྱུན་ཟས་སྔོ་ཚལ་སྣ་ཁ་14དང་། བདེ་ཐང་སྲུང་སྐྱོང་གི་སྔོ་ཚལ་སྣ་ཁ5གྲུབ་འབྲས་ལྡན་པའི་ངང་ནང་འདྲེན་བྱས་ནས་ཚོད་འདེབས་བྱས་ཁར། སྤུས་ཚད་མཐོ་ལ་ཁྱབ་སྤེལ་གཏོང་བར་འཚམ་པའི་སྔོ་ཚལ་སྣ་ཁ་གསར་པ་5ལེགས་འདེམས་བྱས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།