དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • གཤོངས་དགའ་སྡེ་ཁུལ་དུ་བཅའ་སྡོད་ལས་དོན་རུ་ཁག་གིས་སྡེ་ཁུལ་ལ་དགུན་དཔྱིད་མེ་སྐྱོན་འགོག་ཟོན་བྱེད་སྒོ་སྤེལ་རོགས་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-01-20

    ཉེ་ཆར། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་མེ་གསོད་རུ་ཆེན་གྱིས་གཤོངས་དགའ་སྡེ་ཁུལ་དང་། གཤོངས་དགའ་སྡེ་ཁུལ་དུ་བཅའ་སྡོད་ལས་དོན་རུ་ཁག གཤོངས་དགའ་སྡེ་ཁུལ་ཉེན་དོན་ཁང་བཅས་དང་མཉམ་དུ་མཐུན་སྒྲིལ་གྲོང་གསར་གྱི་ཤར་སྒོར“2016ལོའི་དགུན་དཔྱིད་མེ་སྐྱོན་འགོག་ཟོན—སྡེ་ཁུལ་གྱི་མངོན་མེད་རྐྱེན་ངན་གྲལ་བཤེར་སློབ་ཁྲིད”བྱེད་སྒོ་སྤེལ་བ་རེད།

    བྱེད་སྒོ་སྤེལ་ཡུལ་དུ་གཤོངས་དགའ་སྡེ་ཁུལ་དུ་བཅའ་སྡོད་ལས་དོན་རུ་ཁག(ཁྲེང་ཀོན་ཆུས་ཀྱིས་མངགས་གཏོང་བྱས་པ)གི་རུ་མི་དང་། གྲོང་ལྷན་གྱི་ལས་དོན་མི་སྣ། སྡེ་ཁུལ་ཉེན་རྟོག་པ་བཅས་ཀྱིས་དེ་གར་འགྲོ་འོང་བྱེད་མཁན་གྱི་གྲོང་མིར་བདེ་འཇགས་མེ་ཟོན་ལག་དེབ་སྤྲད་ནས་ཁོང་ཚོར་མེ་སྐྱོན་འགོག་ཟོན་གྱི་ཤེས་བྱ་དང་མེ་སྤྱོད་སྟངས་ཀྱི་ཤེས་བྱ་འགྲེལ་བཤད་བརྒྱབ་པ་མ་ཟད། གློག་དང་སོལ་རླངས་སོགས་བེད་སྤྱོད་མི་བྱེད་སྐབས་དུས་ཐོག་ཏུ་ཁ་བཀག་ནས་མེ་དང་གློག་གི་བདེ་འཇགས་ལ་དོགས་ཟོན་བྱེད་དགོས་པའི་དྲན་སྐུལ་ཡང་བྱས་པ་རེད།

    ཁྲེང་ཀོན་ཆུས་མེ་གསོད་རུ་ཆེན་གྱི་ལས་དོན་མི་སྣས་གོ་བདེ་ཤེས་སླ་དང་འཚོ་བ་དང་ཉེ་བཅར་གྱི་སྐད་ཆའི་ཐོག་ནས་གང་འདྲ་བྱས་ཏེ་མེ་གསོད་ཡོ་ཆས་སྤྱོད་པ་དང་མེ་ཤོར་མ་ཐག་སྐབས་གང་འདྲ་བྱས་ནས་གསོད་དགོས་མིན་སོགས་ཀྱི་ཤེས་བྱར་འགྲེལ་བཤད་བརྒྱབ་ནས་གྲོང་མི་རྣམས་མེ་ཤོར་རྒྱུར་སྔོན་འགོག་དང་རང་སྐྱོབ་ཤེས་ཐུབ་པ་བྱས་ཡོད། དེ་རྗེས་ཚང་མས་ཁོངས་གཏོགས་ཁུལ་གྱི་རོལ་རྩེད་ཁང་དང་ཚོང་ཁང་ལ་སློབ་འཁྲིད་བྱེད་པར་ཕྱིན། ལས་དོན་མི་སྣ་ས་ཆ་གཅིག་ལ་སླེབས་རིམ་བཞིན་ཚང་མས་མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་འཚོལ་བ་དང་འབྲེལ་མེ་གསོད་ཡོ་ཆས་སོགས་ཚ་ཆང་མིན་དང་། གློག་སྐུད་ཚད་ལྡན་འཁྲིད་ཡོད་མེད། བདེ་འཇགས་ཁ་འགྲེམ་བགྲོད་ལམ་བདེ་བགྲོད་ཡིན་མིན། རིགས་ཁག་གི་མེ་གསོད་ཡོ་ཆས་དང་ཁ་བགྲེམ་གྱི་མཚོན་རྟགས་ལ་སྐྱོན་ཡོད་མེད་སོགས་ཐད་གཙོ་གནད་ཐོག་ཞིབ་བཤེར་བྱས་པ་རེད། ཤེས་རྟོགས་བྱུང་བའི་གནད་དོན་དག་མི་གསོད་རུ་ཁག་གི་མི་སྣས་ས་ཆ་དེ་རང་དུ་ཁ་ཏ་སློབ་སྟོན་བྱས་ནས་བཅོས་སྒྲིག་བྱེད་དུ་བཅུག་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗多拉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།