(1) གཅིག་པུར་སྐར་མ་གཅིག་ཡན་ལང་ཐུབ་པ།
(2) གཅིག་པུར་གོམ་པ་གསུམ་ཙམ་སྤོ་ཐུབ་པ་དང་། གོམ་པ་ཡག་པོ་སྤོས་ནས་ཕྱིར་བགྲོད་ཀྱང་རྒྱག་ཤེས་པ།
(3) སྐས་འཛེག་གི་ལག་སྐྱོར་ལ་འཐམས་ནས་ཡར་འཛེག་མར་འབབ་བྱེད་ཤེས་པ།
(4) རང་འདོད་དུ་རྒྱུག་ཤར་གློད་ཤེས་པ།
(5) ཤིང་དུམ་རྩེད་ཆས་ཀྱི་ཤིང་དུམ་3སྒྲིག་ཤེས་པ་དང་ཤིང་དུམ་6ཡན་སྒྲིག་ཤེས་པ།
(6) ཐིག་རིས་འབྲི་ཤེས་པ། སྨྱུ་གུ་ཡང་དག་བཟུང་ནས་འཕྲེད་ཐིག་དང་གཞུང་ཐིག་ལད་མོ་བྱས་ནས་འབྲི་ཤེས་པ།
(7) རི་མོ་ངོ་ཤེས་པ། ཁྱིམ་བདག་གིས་མིང་བཏོན་ནས་རི་མོ་བསྟན་པ(རི་མོ་ལྔ་ཡན)ཕྲུ་གུ་རང་གིས་རི་མོར་མིང་འདོགས་པ(རི་མོ་ལྔ་ཡན)
(8) རང་འགུལ་ངང་སྐད་ཆ་ཤོད་ཤེས་པ། ཡིག་འབྲུ(ལྔ་ཡན)དང་། མིང་ཚིག རང་ཉིད་ཀྱི་མིང་བཅས་ཤོད་ཤེས་པ།
(9) ཐུར་མས་བསྟུད་མར་ཟས་ཟ་བ་དང་ཕྱི་ལ་འབོར་བ་ཧ་ཅང་ཉུང་ཉུང་ཡིན་པ།
(10) རང་གིས་ཕོར་པ་བཀྱག་ནས་ཆུ་འཐུང་ཤེས་པ།
(11) འཚོ་བའི་ཐད་རམ་འདེགས་བྱེད་ཤེས་པ། གོས་གྱོན་སྐབས་རྐང་ལག་རྐྱོང་ཤེས་པ།
(12) འབྲེལ་གཏུག་བྱེད་ཤེས་པ། གྲོགས་པོ་ཆུང་ཆུང་དང་མཉམ་དུ་རྩེད་མོ་རྩེ་བ་དང་སྐད་ཆ་ཤོད་ཤེས་པ།