དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • བོད་ཀྱི་རྒྱལ་ཁབ་གཙོ་གནད་ཚོད་ལྟ་ཁང་ཐོག་མ་དེར་ཆོག་མཆན་ཐོབ་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2016-12-30

    ཉིན་ཤས་གོང་བོད་རང་སྐྱོང་ལྗོངས་ཚན་རྩལ་ཐིང་ནས་ཤེས་རྟོགས་བྱུང་བར། བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་འོས་སྦྱོར་དང་རིགས་གཅིག་མཁས་ཅན་གྱིས་རིགས་པས་ཁུངས་སྐྱེལ་བྱས་པ་བརྒྱུད། ཞིང་ཆེན་དང་པུའུ་ཨུད་མཉམ་དུ་ནས་དང་འབྲི་གཡག་གི་གཞི་རྒྱུའི་ཐོན་ཁུངས་དང་རྒྱུད་པ་ལེགས་བཅོས་ཀྱི་རྒྱལ་ཁབ་གཙོ་གནད་ཚོད་ལྟ་ཁང(གཤམ་དུ“ཚོད་ལྟ་ཁང”ཞེས་བསྡུ་རྒྱུ)བསྐྲུན་ནས་འཁོར་སྐྱོད་བྱ་རྒྱུར་ཆོག་མཆན་ཐོབ་པ་དང་། འཛུགས་སྐྲུན་འཁོར་སྐྱོད་བྱེད་ཡུན་ལོ་ལྔ་ཡིན་ཞིང་། དེ་ནི་བོད་ཀྱི་རྒྱལ་ཁབ་གཙོ་གནད་ཚོད་ལྟ་ཁང་ཐོག་མ་དེ་རེད།

    ཚོང་ལྟ་ཁང་གིས་བོད་ཀྱི་ས་གནས་དཔལ་འབྱོར་དང་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཀྱི་ཚན་རྩལ་གྱི་དགོས་མཁོ་གལ་ཆེན་སྟོན་ཕྱོགས་སུ་བྱས་ཏེ། ནས་དང་འབྲི་གཡག་གི་གཞི་རྒྱུའི་ཐོན་ཁུངས་གསལ་འབྱེད་དཔྱད་དཔོག་དང་གསར་གཏོད་དང་། ནས་ཀྱི་ས་བོན་གསོ་བ། འབྲི་གཡག་གི་རྒྱུད་པ་ལེགས་བཅོས། སྤུས་ལེགས་ནས་ཐོན་འཕར་དང་འབྲི་གཡག་སྐྱོན་བྲལ་ངང་གསོ་ཚགས་བཅས་ཀྱི་ཞིབ་འཇུག་བྱེད་ཕྱོགས་བཞི་ཆགས་པར་བྱས་ཏེ། ས་ཁོངས་ཀྱི་ཁྱད་ཆོས་མངོན་གསལ་དོད་པའི་ནས་དང་འབྲི་གཡག་ལ་ཞིབ་འཇུག་བྱ་རྒྱུ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། ཚོད་ལྟ་ཁང་དེས་བོད་ལྗོངས་ལ་གཞི་ཚུགས་པ་དང་། མཚོ་བོད་ས་མཐོར་ཞབས་འདེགས་ཞུ་བ། རྒྱལ་ཡོངས་ལ་ཁ་ཕྱོགས་པ་བཅས་བྱ་རྒྱུ་རེད། ནས་དང་འབྲི་གཡག་གིས་ཞིབ་འཇུག་བྱ་ཡུལ་དང་། གཞི་རྒྱུའི་ཐོན་ཁུངས་ཀྱིས་རྨང་གཞི། གཞི་རྒྱུ་སྔོག་འདོན་གྱིས་སྲོག་ཤིང་། སྣ་ཁ་གསོ་སྐྱོང་གིས་དམིགས་ཚད། ལམ་སྲོལ་གྱིས་གསར་གཏོད་བྱེད་ཐབས་བཅས་བྱས་ཏེ། གཞི་རྒྱུ་སྔོག་འདོན་དང་། གཞི་རྒྱུ་གསར་གཏོད། རྒྱུད་པ་ལེགས་བཅོས། སོན་བཟང་སྐྱེ་འཕེལ། སྤུས་ལེགས་ནས་ཐོན་འཕར་སོགས་སྲོག་ཤིང་ཆེན་པོ་ལྔའི་ལག་རྩལ་འགག་སྒྲོལ་བྱ་རྒྱུ་རེད། ཚོད་ལྟ་ཁང་བསྐྲུན་རྗེས། བོད་ཀྱི་ནས་དང་འབྲི་གཡག་གི་གཞི་རྒྱུའི་ཐོན་ཁུངས་དང་རྒྱུད་པ་ལེགས་བཅོས་ཀྱི་ཚན་རྩལ་གསར་གཏོད་བྱེད་ནུས་ཆེ་རུ་ཕྱིན་ཏེ། འབྲུ་རིགས་བཟའ་བཅའི་བདེ་འཇགས་ཀྱི་འཐབ་ཇུས་ལས་འགན་ལེགས་གྲུབ་འགན་ལེན་བྱ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།