ཤེས་རྟོགས་བྱས་པར་གཞིགས་ན། ཟླ་12ཚེས་31ཉིན་ལྷ་ས་གྲོང་ཁྱེར་གྱི་སློབ་གྲྭ་འབྲིང་ཆུང་ཁག་དགུན་ཁའི་གུང་གསེང་གཏོང་རྒྱུ་ཡིན་པ་དང་། 2017ལོའི་ཟླ་3ཚེས་6ཉིན་སློབ་འགོ་ཚུགས་རྒྱུ་ཡིན་པ་རེད། ཟླ་འདིའི་ཟླ་མཇུག་ནས་བཟུང་ལྷ་ས་གྲོང་ཁྱེར་གྱི་སློབ་གྲྭ་འབྲིང་ཆུང་ཁག་གི་རྒྱ་ཆེའི་སློབ་མ་རྣམས་ལ་དུས་ཡུན་ཟླ་བ་གཉིས་ལྷག་ཙམ་གྱི་དགུན་ཁའི་གུང་གསེང་གཏོང་བའི་དུས་ཚོད་འཆར་རྒྱུ་ཡིན་ཞིང་། འདི་ནི་ཉེ་ཆར་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་གནས་ཆུང་གྲོང་རྡལ་སློབ་ཆུང་ལོ་རིམ་ལྔ་པའི་སློབ་མས་སློབ་མཇུག་ཡིག་རྒྱུགས་གཏོང་བའི་གནས་ཚུལ་ཡིན་པ།