དབུ་ཤོག>ཚན་སློབ་འཕྲོད་བསྟེན།
  • ཞིང་འཕྲུལ་གྱི་ལྷུ་ལག་འདེམས་ཉོ་བྱེད་སྐབས་ཡིད་གཟབ་བྱེད་དགོས་པའི་དོན་ཚན་འགའ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-12-28

    དང་པོ། ཚོང་ཁང་ངམ་ཚོང་གཉེར་བྱེད་མཁན་ལ་ཡིད་གཟབ་བྱས་ཏེ་འདེམས་དགོས།

    1.ཞིང་འཕྲུལ་ཚོང་གཉེར་བྱེད་ཆོག་པའི་ལག་འཁྱེར་དང་། ཞིང་འཕྲུལ་ཐོན་རྫས་གཉེར་སྐྱོང་བྱེད་ཆོག་པའི་ལག་འཁྱེར་ཡོད་པ། གནས་གཏན་འཁེལ་གྱི་ཚོང་ཁང་ངམ་ཚོང་གཉེར་བྱེད་པའི་ས་ཚིགས་ཡོད་པ་བཅས་ཡིན་པ་རྩལ་འཚོལ་བྱེད་དགོས། 2.ཚད་ལྡན་དང་། བློས་འགེལ་ཆོག་པ། མིང་གྲགས་ཡག་པོ་ཡོད་པ། དཔལ་འབྱོར་གྱི་སྟོབས་ཤུགས་ཆེ་བ་བཅས་ཀྱི་གཉེར་སྐྱོང་ས་ཚིགས་རྩལ་འཚོལ་བྱེད་དགོས། 3.ཞིང་འཕྲུལ་གྱི་ལྷུ་ལག་ཁོ་འདོན་གྱི་ཁྱད་ཆོས་དང་། དམིགས་གསལ་གྱི་རང་བཞིན། ཉམས་གསོ་བྱེད་ཐབས་སོགས་ཀྱི་འབྲེལ་ཡོད་བློ་འདྲིའི་ཞབས་ཞུའི་གཉེར་སྐྱོང་ས་ཚིགས་ཡོད་པ་རྩལ་འཚོལ་བྱས་ནས་ཐོན་ཟོག་བློས་འགེལ་ཐུབ་པ་བྱེད་དགོས།

    གཉིས་པ། ཚན་རིག་གི་ཐོག་ནས་ཐོན་རྫས་འདེམས་དགོས།

    1.འཕྲུལ་འཁོར་ལ་བརྟེན་ནས་ལྷུ་ལག་ཉོ་དགོས། 2.ཞིབ་གཤེར་གཏན་འབེབས་བྱས་པའི་ཐོན་རྫས་འདེམས་ཉོ་བྱེད་དགོས། ཐོན་རྫས་ཞིག་ཉོ་དགོས་སམ་ན་སྔོན་ལ་ཡུལ་དེ་རང་གི་ཞིང་འཕྲུལ་ཚན་པར་བཀའ་འདྲི་ཞུས་ནས་གནས་ཚུལ་ཤེས་རྟོགས་བྱུང་ཚེ་གཞི་ནས་ཉོ་དགོས་པ་ལས་དོན་མེད་དུ་དངུལ་འཕྲོ་ལྷག་གཏོང་རྒྱུ་མེད།

    གསུམ། འཐུམ་སྒྲིལ་དང་ཚོང་རྟགས་ལ་ཡག་པོ་བལྟ་ཤེས་པ་བྱེད་དགོས།

    《ཚོང་ཟོག་བཅའ་ཁྲིམས》གཏན་འབེབས་བྱས་པར་ཕྱིར་འཚོང་བྱས་པའི་ཐོན་ཟོག་ལ་ངེས་པར་དུ་བཟོ་དབྱིབས་ཨང་གྲངས་དང་ཚད་ལྡན་གྱི་འཐུམ་སྒྲིལ་ངེས་པར་དུ་དགོས་པ། ཐོན་ཟོག་གི་ཁ་བྱང་ཐོག་ངེས་པར་དུ་ཐོན་སྐྱེད་བྱེད་སའི་ས་ཆ་དང་། ཐོན་སྐྱེད་བྱས་པའི་དུས་ཚོད། ཐོན་སྐྱེད་བྱས་པའི་ཚོང་རྟགས་གི་མིང་། ཐོན་སྐྱེད་བྱེད་མཁན་ཚོང་ཁང་གི་ས་གནས། དེ་བཞིན་འབྲེལ་གཏུགས་བྱེད་སྟངས་སོགས་ཡོད་དགོས།

    བཞི་པ། རང་ཉིད་ཀྱི་ཁེ་དབང་བེད་སྤྱོད་བྱེད་དགོས།

    ཞིང་འཕྲུལ་ཐོན་ཟོག་ཉོ་སྒྲུབ་བྱེད་སྐབས་ཚོང་གཉེར་བྱེད་མཁན་གྱི་ས་ནས་སྟབས་བདེའི་ལག་རྩལ་གྱི་ལག་དེབ་དང་། བེད་སྤྱོད་བྱེད་སྟངས། བེད་སྤྱོད་བྱེད་པའི་ཆ་རྐྱེན་དང་སྤྱོད་ཡུལ་དུས་ཚོད་བཅས་ཀྱི་གསལ་བཤད་ཡི་གེ་ལེན་དགོས། འཕྲུལ་འཁོར་ཉོས་པའི་དངུལ་སྤྲོད་ཟིན་པའི་འཛིན་ཤོག་གམ་གཞན་གྱི་གོ་ཆོད་པའི་བཅའ་དངོས་ཉོས་པའི་དཔང་ཡིག་བླངས་ནས་རང་ཉིད་ཀྱིས་ཉོས་པའི་འཕྲུལ་འཁོར་གྱི་ལྷུ་ལག་གི་སྣེ་གྲངས་དང་། མིང་། གྲངས་ཀ། གོང་ཚད་སོགས་གསལ་པོར་བྲིས་དགོས།

    ལྔ་པ། ཁྲིམས་མཐུན་གྱི་སྒོ་ནས་རང་ཉིད་ཀྱི་ཁེ་དབང་ལ་སྲུང་སྐྱོབ་བྱེད་དགོས།

    ཞིང་འཕྲུལ་གྱི་ལྷུ་ལག་བེད་སྤྱོད་བྱས་ཟིན་རྗེས་ཚོང་རྟགས་དང་ཐོན་ཟོག་གི་གསལ་བཤད་ལག་དེབ། དངུལ་སྤྲད་པའི་འཛིན་ཤོག་སོགས་དོ་དམ་ཡག་པོ་བྱས་ནས་ཉར་ཚགས་བྱེད་དགོས། གལ་སྲིད་གནས་ཚུལ་ཐོན་ཚེ་ཞིབ་དཔྱད་དང་བརྟག་ཞིབ་བྱེད་རྒྱུར་མཁོ་འདོན་ཡོད་པ་བྱེད་དགོས། ཐོན་ཟོག་བེད་སྤྱོད་བྱས་ནས་སྤུས་ཚད་ཀྱི་གནད་དོན་ཐོན་ཚེ་ཟིན་བྲིས་ཡག་པོ་བརྒྱབ་ནས་ས་གནས་ས་ཐོག་དང་དཔང་རྟགས་ལ་སྲུང་སྐྱོབ་ཡག་པོ་བྱས་ནས་དུས་ཐོག་ཏུ་ཚོང་གཉེར་པ་དང་འབྲེལ་བ་བྱས་ནས་ཐོན་རྫས་བརྗེས་པའམ་ཡང་ན་ཡུལ་དེ་རང་གི་ཞིང་འཕྲུལ་བཟོ་ཚོང་དང་སྤུས་ཚད་བལྟ་སྐུལ་ཚན་པར་ཞུག་ཏུགས་རྒྱག་དགོས།

    འགན་འཁུར་རྩོམ་སྒྲིག་པ། 索朗多拉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།